98598
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་དཀོན་མཆོག་སྤྲིན་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། བྱང་ཆུབ་སེམས་དཔའ་ཟིལ་གྱིས་མི་ནོན་པའི་སྟོབས་ཕུན་སུམ་ཚོགས་པ། བྱང་ཆུབ་སེམས་དཔའ་མི་ཚུགས་པའི་སྟོབས་ཕུན་སུམ་ཚོགས་པ། བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱི་སྟོབས་ཕུན་སུམ་ཚོགས་པ། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་སྟོབས་ཕུན་སུམ་ཚོགས་པ། བྱང་ཆུབ་སེམས་དཔའ་འཁོར་གྱི་སྟོབས་ཕུན་སུམ་ཚོགས་པ། བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་གྱི་སྟོབས་ཕུན་སུམ་ཚོགས་པ། བྱང་ཆུབ་སེམས་དཔའ་དབང་གི་སྟོབས་ཕུན་སུམ་ཚོགས་པ། བྱང་ཆུབ་སེམས་དཔའ་གཟུངས་ཀྱི་སྟོབས་ཕུན་སུམ་ཚོགས་པ། བྱང་ཆུབ་སེམས་དཔའ་རྣམ་པར་མི་འཁྲུགས་པའི་བྱིན་གྱི་རླབས་ཀྱི་སྟོབས་ཕུན་སུམ་ཚོགས་པ། བྱང་ཆུབ་སེམས་དཔའ་བཀའ་མི་གཅོག་པའི་སྟོབས་ཕུན་སུམ་ཚོགས་པ། |
| Domain | ཆོས་ལུགས། |