98599
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། སངས་རྒྱས་ཀྱིས་གདུལ་བྱ་ལ་དོན་བྱེད་པའི་ཚེ་ཆགས་ཐོགས་མི་མངའ་བའི་ཡུལ་བཅུ་ལ་སྟོབས་བཅུ་ཞེས་བརྗོད་དོ། །བཅུར་གྲངས་ངེས་ཚུལ་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། དོན་བྱ་ཡུལ་གྱི་གདུལ་བྱ་མཁྱེན་པའི་ཆ་ནས་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས། འཇིག་རྟེན་གྱི་ཁམས་དུ་མ་མཁྱེན་པའི་སྟོབས། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས། སྔོན་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས། འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་ལྔར་ངེས། གདུལ་བྱ་ལ་ལམ་སྟོན་ཚུལ་མཁྱེན་པའི་ཆ་ནས། ཐམས་ཅད་དུ་འགྲོ་བ་མཁྱེན་པའི་སྟོབས། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས། ལས་ཀྱི་རྣམ་སྨིན་མཁྱེན་པའི་སྟོབས། ཀུན་ནས་ཉོན་མོངས་དང་རྣམ་བྱང་མཁྱེན་པའི་སྟོབས་བཞིར་ངེས། ཐོབ་བྱའི་འབྲས་བུ་མཁྱེན་པའི་ཆ་ནས། ཟག་ཟད་ཀྱི་སྟོབས་སུ་ངེས་པའི་ཕྱིར། དང་པོ་གྲུབ་སྟེ། གདུལ་བྱའི་དོན་མཛད་པ་ལ་ཐོག་མར་གདུལ་བྱའི་མོས་པ་མཁྱེན་དགོས་པས་དེའི་ཆ་ནས་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་བཞག ། མོས་པ་དང་ལྡན་པའི་གདུལ་བྱ་དེ་རིགས་དང་ཁམས་ཀྱི་ཁྱད་པར་གང་དུ་ངེས་སོགས་མཁྱེན་པའི་ཆ་ནས་འཇིག་རྟེན་གྱི་ཁམས་དུ་མ་མཁྱེན་པའི་སྟོབས་བཞག རིགས་དང་ལྡན་པའི་གདུལ་བྱ་དེའི་དབང་པོ་རྣོ་འབྲིང་གི་ཁྱད་པར་མཁྱེན་པའི་ཆ་ནས་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་བཞག མོས་རིགས་དབང་པོའི་ཁྱད་པར་གསུམ་དང་ལྡན་པའི་གདུལ་བྱ་དེ་སྔོན་ཇི་ལྟར་གྱུར་པ་མཁྱེན་པའི་ཆ་ནས་སྔོན་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་བཞག དེ་ཕྱི་མར་ཇི་ལྟར་འགྱུར་བ་མཁྱེན་པའི་ཆ་ནས་འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་བཞག་པའི་ཕྱིར། གཉིས་པ་གྲུབ་སྟེ། གདུལ་བྱ་མངོན་མཐོ་ངེས་ལེགས་སུ་བགྲོད་པར་བྱེད་པའི་ལམ་གྱི་ངོ་བོ་མཁྱེན་པའི་ཆ་ནས་ཐམས་ཅད་དུ་འགྲོ་བ་མཁྱེན་པའི་སྟོབས་བཞག དེ་ལྟ་བུའི་ལམ་ཉམས་སུ་ལེན་པའི་ཚེ་རྒྱུ་འདི་ལས་འབྲས་བུ་འདི་འབྱུང་བ་རིགས་པ་དང་། འདི་ལས་འདི་ལྟར་འབྱུང་བ་མི་རིགས་པར་མཁྱེན་པའི་ཆ་ནས་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་བཞག དེ་འདྲ་བའི་རིགས་མི་རིགས་ཀྱི་ལས་ཀྱི་རྣམ་སྨིན་ཕྲ་མོ་མཁྱེན་པའི་ཆ་ནས་ལས་ཀྱི་རྣམ་སྨིན་མཁྱེན་པའི་སྟོབས་བཞག དེ་ལྟར་ཉམས་སུ་ལེན་པའི་ཚེ་ལམ་གྱི་ཁྱད་པར་བསམ་གཏན་དང་གཟུགས་མེད་སོགས་ལས་ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་ཆ་ཕྲ་ཞིང་ཕྲ་བ་མཁྱེན་པའི་ཆ་ནས་ཀུན་ནས་ཉོན་མོངས་དང་རྣམ་བྱང་མཁྱེན་པའི་སྟོབས་བཞག་པའི་ཕྱིར། གསུམ་པ་གྲུབ་སྟེ། ཉན་ཐོས་ཀྱི་ཐོབ་བྱའི་འབྲས་བུ་ཉོན་སྒྲིབ་སྤངས་པའི༌བྲལ་བ་དང། ཐེག་ཆེན་གྱི་ཐོབ་བྱའི་འབྲས་བུ་སྒྲིབ་པ་གཉིས་ཀ་ཟད་པའི་སྤངས་པ་མཐར་ཐུག་མཁྱེན་པའི་ཆ་ནས་ཟག་ཟད་ཀྱི་སྟོབས་གཅིག་ཉིད་བཞག་པའི་ཕྱིར། །ཞེས་གསུངས་སོ། ། |
Domain | ཆོས་ལུགས། |
{{#arraymap:སྟོབས་བཅུ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | གནས་དང་གནས་མིན་མཁྱེན་པའི་སྟོབས། ལས་ཀྱི་རྣམ་སྨིན་མཁྱེན་པའི་སྟོབས། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས། ཁམས་སྣ་ཚོགས་མཁྱེན་པའི་སྟོབས། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མཁྱེན་པའི་སྟོབས། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས། འཆི་འཕོ་བ་དང་སྐྱེ་བ་དྲན་པའི་སྟོབས། ཟག་པ་ཟད་པ་མཁྱེན་པའི་སྟོབས་དང་བཅུར་ཡོད་པའི་ཕྱིར་རོ་ཞེས་པཎ་ཆེན་ངག་ཆོས་ཀྱི་དབུ་མ་སྤྱི་དོན་ལས་གསུངས་སོ། ། |
{{#arraymap:སྟོབས་བཅུ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | སྔགས། ཨ་ནུ་ཡོ་ག སྟོབས་ཀྱིས་གཞན་གང་གནོན་པའི་རྟགས་ཀྱི་ཁོངས་གཏོགས་ཤིག་སྟེ། སྙིང་རྗེའི་སྟོབས། ཆོས་ཉིད་ཀྱི་སྟོབས། མི་འབྱེད་པའི་སྟོབས། གྲུབ་པའི་སྟོབས། མ་སྤངས་པའི་སྟོབས། མ་གཡོས་པའི་སྟོབས། སྨོན་ལམ་གྱི་སྟོབས། སྤྲུལ་པའི་སྟོབས། མི་གཏོང་བའི་སྟོབས། ཆགས་པའི་སྟོབས་དང་བཅུའོ། ། |
{{#arraymap:སྟོབས་བཅུ་
|; |@@@ | | }}