986

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀླུ་ཚང་ (1)
Part of speech མིང་ཚིག
Definition བོད་ཀྱི་རྩ་བའི་རུས་ཆེན་དྲུག་གི་ནང་གསེས་ལྡོང་ལ་ཤུལ་ཆེན་བཅོ་བརྒྱད་དུ་ཡོད་པའི་བདུད་ཤུལ། དབལ་ཤུལ། དམེ་ཤུལ། མགོན་ཤུལ། རག་ཤུལ། ཁྱོ་ཤུལ། བན་ཤུལ། སྨན་ཤུལ། ཕྱག་ཤུལ། འཕན་ཤུལ་སོགས་མང་དུ་བཤད་པའི་ནང་ནས་བདུད་ཤུལ་ལས་ཆད་པའི་ཚོ་ཆེན་ཞིག་གི་མིང་ཡིན་ཞིང་། སྔོན་འབལ་མང་ར་ལ་ཡོང་ནས་གཞི་འཛིན་སྐབས། ཀླུ་ཚང་ཆུ་མགོའམ་ཀླུ་ཕོ་བྲང་ཞེས་འབོད་པའི་ས་ཆར་རུ་བ་རྣམས་ཡུན་རིང་བསྡད་པར་བརྟེན་ཀླུ་ཚང་ཞེས་པའི་ཚོ་མིང་བྱུང་། ཆོལ་ཁ་གསུམ་གྱི་དབང་དུ་བྱས་ན་མདོ་སྨད་སཱ་ལུའི་སྨན་ལྗོངས་སམ་རྟ་ཡི་ཆོལ་ཁའི་ཆར་གཏོགས། རྨ་ཆུ་སྔོན་མོའི་ནང་ལུང་དུ་གནས་པའི་མང་འབལ་བྱ་གསུམ་གྱི་སྟོང་སྡེ་ལྔའི་གཙོ་རུའམ་ཡ་གྱལ་ཏེ་ཡོངས་གྲགས་སུ་བདུད་ཤུལ་ཀླུ་ཚང་ཞེས་སུ་འབོད། དེང་སྐབས་རྒྱ་གཞུང་གིས་དབྱེ་བའི་སྲིད་འཛིན་ས་ཁུལ་ལྟར་ན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྩེ་ཁོག་རྫོང་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མང་ར་རྫོང་ངམ་༼ཀོས་ནན༽ཟེར་བའི་འཛིན་སྐྱོང་འོག་ཁག་བགོས་ཀྱིས་གནས་པར་བྱས་ཡོད། ལོ་རབས་ལྔ་བཅུ་པའི་ཡ་སྔོན་དུ་ད་མོན་ཉག་ཁ་ནས་གོ་སྲུང་སྲིན་པོའི་བར། རྐང་ཚའི་ཨ་མྱེས་རྫ་དམར་ནས་སྒྱུད་ཀྱི་ཐོག་ལྷ་སྤུན་གསུམ་བར། ན་བཅའི་མཚོ་གཡང་མེར་ནས་སྐམ་པའི་ཧ་མོ་ཆེ་བར། བྱ་འདར་རྒོད་རྩེ་ནས་མཆོད་རྟེན་དོ་ལྟག་བར། དོན་ཁོའི་ཉག་ཁ་ནས་ངང་ཚང་གཡུ་སྒོང་བར ། ཟི་མའི་དམག་དཔོན་ནས་འབའ་གཞུང་གཙོ་སྙིང་བར། ཉིན་ཤུག་དེའུ་དམར་ནས་དགེ་བསྙེན་རབ་གཟིགས་བར། མདུང་ཤིང་རབ་ཁ་ནས་རྨ་ཆུའི་ནང་རོལ་ཁྲི་ཀའི་ཤན་འབན་བར་བཅས་བྲག་དཀར་རྫ་རྒྱུད་ཀྱི་ལྷོ་ངོས་སུ་གཏོགས་པའི་ས་ཁྱོན་ཡོངས་ལ་གནས་འཆའ་བར་བཤད།