From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྟོབས་བཞི་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། རྒྱུའི་སྟོབས། སྦྱོར་བའི་སྟོབས། རང་གི་སྟོབས། གཞན་གྱི་སྟོབས་སོ། །
|
| Domain
|
ཆོས་ལུགས།
|
སྟོབས་བཞི་ (2)
| Part of speech
|
མིང་ཚིག
|
| Definition
|
གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། རྣམ་པར་སུན་འབྱིན་པའི་སྟོབས། རྟེན་གྱི་སྟོབས། སོར་ཆུད་པའི་སྟོབས། དེ་ལ་སྡིག་པ་མི་དགེ་པ་བྱེད་པ་ནི། ཉོན་མོངས་པ་དུག་ལྔ་དུག་གསུམ་གྱིས་ཀུན་བསླངས་ནས་ལུས་ངག་ཡིད་གསུམ་གྱིས་སྡིག་མི་དགེ་བའི་ལས་བྱེད་དེ། སྡུག་པ་མི་བྱེད་པ་ལ་གཉེན་པོ་བསྟེན་དགོས་པ་ལགས་པས། ཞེ་སྡང་གི་གཉེན་པོ་བྱམས་པ། འདོད་ཆགས་ཀྱི་གཉེན་པོ་མི་སྡུག་པ། གཏི་མུག་གི་གཉེན་པོ་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་བསྒོམ་མཛོད། རྣམ་པར་སུན་འབྱིན་པ་ནི། ཐོག་མེད་ནས་སྡིག་པ་བྱས་པའི་དབང་གིས། ད་ལན་སྡིག་པ་བྱས་དྲན་པར་བྱས་ལ། འདི་འདྲ་བ་བྱེད་པ་ལ་ཁྱོད་འདྲ་བ་གཅིག་འོང་བ་ལ་ཨང་སྙམ་དུ་བསམ་སྡིག་པ་མི་དགེ་བ་མི་བྱེད་པའི་རྟེན་སེམས་བསྐྱེད་པའི་རྟེན་བླ་མ། ཡི་དམ་གྱི་ལྷ་དང་ཇོ་བོ་དཀོན་མཆོག་གསུམ་གྱི་སྤྱིན་སྔར་སྡིག་པ་མི་དགེ་བའི་ལས་བཤགས་སོ་སྙམ་དུ་བསམ། སྡིག་པ་མི་དགེ་བ་མི་བྱེད་པའི་རྟེན་ལ་བཤགས་སོ་སྙམ་དུ་བསམ། དུས་རྣམ་པ་ཐམས་ཅད་དུ་བླ་མ་དང་ཡིད་དམ་གྱི་ལྷ་དང་ཇོ་བོ་དཀོན་མཆོག་གསུམ་དང་མ་བྲལ་བར་བསྟེན་པས། སྡིག་པ་མི་དགེ་བའི་ལས་ཀྱིས་མི་གོས་པ་ལགས་སོ། །སོར་ཆུད་པའི་སྟོབས་སྔར་བྱས་པའི་སྡིག་པ་བཤགས་ལ། ཕྱིས་སྡིག་པ་མི་ཆོད་སྙམ་དུ་བསམ་ན་མི་འདག་པས། སྔར་སྡིག་བྱས་པ་མ་ལེགས། ད་ཕྱིན་ཆད་སྲོག་ལ་བབས་ཀྱང་སྡིག་པ་མི་དགེ་བ་མི་བྱ་སྙམ་དུ་དམ་ཆོས། ཡོན་ཏན་ཐམས་ཅད་སྡིག་དག་པ་ལས་བྱུང་བ་ལགས་པས་སྡིག་པ་ཐམས་ཅད་བཤགས་སོ་སྙམ་དུ་བསམ་པ།
|
སྟོབས་བཞི་ (3)
| Part of speech
|
མིང་ཚིག
|
| Definition
|
རྟེན་གྱི་སྟོབས་ནི། སྐྱབས་འགྲོ་དང་སེམས་བསྐྱེད་གཉིས། ༢ རྣམ་པར་སུན་འབྱིན་པའི་སྟོབས་ནི། སྔར་སྡིག་པ་བྱས་པ་ལ་འགྱོད་སེམས་སྐྱེས་པ། ཉེས་པ་ལས་སླར་ལྡོག་པའི་སྟོབས་ནི། ཕྱིན་ཆད་སྡིག་པ་མི་བྱེད་པའི་དམ་བཅའ། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི། སྡིག་པ་དག་པའི་ཆེད་དུ་དགེ་བ་བྱས་ཚད་ཐམས་ཅད་ལ་ཟེར།
|