98610

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟོབས་བརྒྱད་ (1)
Part of speech མིང་ཚིག
Definition འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་བྱུང་བ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་མོས་པས་ཐོགས་པ་མེད་པའི་དད་པའི་སྟོབས། སྟོན་པ་དང་མཚུངས་པའི་བློས་གུས་པ་ལས་ངེས་པར་བྱུང་བ་དགེ་བའི་བཤེས་གཉེན་གྱི་སྟོབས། འཇིག་རྟེན་ལས་འདས་པའི་ཆོས་ཡོངས་སུ་རྫོགས་པར་བྱེད་པས་ཐོས་པ་ལས་ངེས་པར་བྱུང་བ་ཤེས་རབ་ཀྱི་སྟོབས། བསོད་ནམས་ཚད་མེད་པ་ཡོངས་སུ་རྫོགས་པར་བྱེད་པས་བསོད་ནམས་ལས་ངེས་པར་བྱུང་བ་བསྙེན་བཀུར་བྱ་བའི་སྟོབས། བདུད་ཐམས་ཅད་ངེས་པར་གཞོམ་པའི་ཕྱིར་ཚུལ་བཞིན་ལས་ངེས་པར་བྱུང་བ་ཡེ་ཤེས་ཀྱི་སྟོབས། ཆོས་རྣམས་བདག་མེད་པ་ལ་དོགས་པ་མེད་པས་བྱམས་པ་ཆེན་པོ་ལས་ངེས་པར་བྱུང་བ་སྙིང་རྗེ་ཆེན་པོའི་སྟོབས། བྱང་ཆུབ་ཀྱི་སེམས་བརྗེད་པ་མེད་པས་ངེས་པར་སེམས་པ་ལས་ངེས་པར་བྱུང་བའི་སེམས་ཀྱི་སྟོབས། མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པས་གཞན་གྱི་དྲིང་མི་འཇོག་པ་ལས་ངེས་པར་བྱུང་བའི་སྟོབས་སོ། །
Domain ཆོས་ལུགས།
སྟོབས་བརྒྱད་ (2)
Part of speech མིང་ཚིག
Definition དཀོན་བརྩེགས་བུ་མོ་རྣམ་དག་དད་པས་ཞུས་པའི་མདོ་ལས་བྱུང་བ་སྟེ། ༡ སེམས་ཀྱི་འདུན་པའི་སྟོབས་ཏེ། གཡོ་སྒྱུ་མེད་པའི་ཕྱིར་རོ། །༢ མོས་པའི་སྟོབས་ཏེ། སྡིག་པ་རྣམས་སྦྱོང་བར་བྱེད་པའི་ཕྱིར་རོ། །༣ སྦྱོར་བའི་སྟོབས་ཏེ། རྟག་ཏུ་དགེ་བ་བསྒྲུབ་པའི་ཕྱིར་རོ། །༤ མངོན་པར་ཡིད་ཆེས་པའི་སྟོབས་ཏེ། ལས་ཀྱི་རྣམ་པར་སྨིན་པ་དག་ལ་ཤིན་ཏུ་མངོན་པར་ཡིད་ཆེས་པའི་ཕྱིར་རོ། །༥ བྱང་ཆུབ་སེམས་ཀྱི་སྟོབས་ཏེ། ཐེག་པ་དམན་པ་རྣམས་ཡོངས་སུ་མི་ཚོལ་བའི་ཕྱིར་རོ། །༦ བྱམས་པ་ཆེན་པོའི་སྟོབས་ཏེ། ལས་ཀྱིས་སེམས་ཅན་ལ་གནོད་པ་མི་བྱེད་པའི་ཕྱིར་རོ། །༧ སྙིང་རྗེ་ཆེན་པའི་སྟོབས་ཏེ། གནོད་པ་རྣམས་དང་དུ་ལེན་པའི་ཕྱིར་རོ། །༨ དགེ་བའི་བཤེས་གཉེན་གྱི་སྟོབས་ཏེ། དུས་དུས་སུ་སད་པར་བྱེད་པའི་ཕྱིར་རོ། །