98713

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡར་མ་ཝའི་ཞལ་ལྕེ་ (1)
Part of speech མིང་ཚིག
Definition སྔོན་ཆད་བོད་བཙན་པོའི་རྒྱལ་རབས་སྐབས་སུ། དམག་འཁྲུག་སྐབས་དམག་ས་ནས་ཞབས་འདྲེན་ཞུ་མཁན་སྡར་མའི་རིགས་ལ་ཝ་ཞུས་དམད་ནས་ཆད་པ་གཅོད་ཚུལ་ཞིག་སྟེ། དེ་ཡང་། དཔའ་ལ་སྟག་གིས་མ་བསྟོད་ན། །དཔའ་བར་བྱ་བའི་རུ་མ་མེད། །མཛངས་ལ་ཡིག་ཚང་མ་བསྟོད་ན། །ཕྱིན་ཆད་མཛངས་ངན་ཤན་མི་ཕྱེ། །ལེགས་ལ་བྱ་དགས་མ་བསྟོད་ན། །སླན་ཆད་ལེགས་པ་སུ་ཡིས་བྱེད། །སྡར་མ་ཝ་ཞུས་མ་དམད་ན། །དཔའ་དང་སྡར་མ་ཤན་མི་ཕྱེ། །ངན་ལ་ནན་ཏུར་མ་བྱས་ན། །ནམ་ཡང་དྲན་ཤེས་རེམས་མི་འགྱུར། །ཉེས་ལ་ཆད་པས་མ་བཅད་ན། །ཕྱིས་ནས་ཉེས་བྱེད་རྒྱུན་མི་ཆད། །ལུས་སྐྱེས་ཕ་མ་མནར་བ་ན། །འཕྲལ་ཕུགས་གཉིས་ཀར་ལ་ཡོགས་སྡིག། རང་གི་མཆན་གྱི་བུ་མནར་ན། །ཕྱི་རོལ་དགྲ་ཡིས་ཞེ་ཁ་འབྱེད། །བཟའ་གྲོགས་མནར་ན་ཕྱི་ནང་གི། །ཚིས་དང་སོ་ནམ་ཡལ་བར་ཆོར། །འབྱུང་བ་ལྟར་རོ། རྗེས་སུ་ཕག་གྲུ་བྱང་ཆུབ་རྒྱལ་མཚན་གྱིས་བོད་སྲིད་སྐྱོང་སྐབས། བོད་ཆོས་རྒྱལ་གོང་མའི་ལུགས་བཞིན་ལྷ་ཆོས་དགེ་བ་བཅུ་གཞི་རྩར་བཟུང་ཏེ་འཁོས་ཞན་ཡལ་བར་དོར་ཞིང༌། དྲེགས་པ་རེངས་སུ་བཅུག་པ་དེ་འདྲ་མ་ཡིན་པར་བདེན་རྫུན་ཐང་མར་བརྡལ་ནས། དཀར་ནག་གི་ཤན་ཕྱེད་པའི་དྲང་པོའི་ཁྲིམས་ཀྱི་ལུགས་སྲོལ་བཟང་པོ་གཏོད་པའི་ཆེད་དུ། ཞལ་ལྕེ་བཅོ་ལྔ་གཏན་འབེབས་ལག་བསྟར་བྱས་པའི་ནང་གི་གཉིས་པ།
Domain ཁྲིམས་ལུགས།