98716

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡིག་ (1)
Part of speech རྒྱན་ཚིག
Definition བཟང་པོ་མ་ཡིན་པའམ་ངན་ཧྲུལ་གྱི་དོན་ཏེ།
Example བེར་སྡིག་གྱོན་ནས་གཡུལ་ལ་སོང་། གོ་སྡིག་ཡིན་པས་སེམས་པ་སྐྱོ་ལྟ་བུ།
སྡིག་ (1)
Part of speech མིང་ཚིག
Definition སྡིག་པ་ཡི་མིང་བསྡུས་པ།
Example དགེ་སྡིག་གཉིས། དགེ་སྡིག་བླང་དོར་བྱོས་ལྟ་བུ།
Domain ཆོས་ལུགས།
སྡིག་ (1)
Part of speech བྱ་ཚིག
Definition ཚིག་རྩུབ་མོས་གཞན་ལ་གཤེ་གཤེ་གཏོང་བའི་དོན་ཏེ།
Keyword True
Transitive བྱ་བྱེད་ཐ་དད་པ།
Future [བསྡིག, བྱ་སྤྱོད་ལེགས་པོ་མ་བྱས་ན་ཕ་མས་བསྡིག་གི་རེད།]
Present [སྡིག, མི་ལ་སྡིག་བྱེད་ཀྱི་ཚིག་ངན།]
Past [བསྡིགས།, བསྡིགས་དྲགས་ནས་སུན་པ་སྐྱེས་སོང་།]
Imperative [སྡིགས།, བྱིས་པ་ཆུང་དུས་སྡིགས་ཤིག་ལྟ་བུ།]
སྡིག་ (2)
Part of speech བྱ་ཚིག
Definition བརྗིད་རྔམ་གྱིས་གཞན་སྤ་ཀོང་བའི་དོན་ཏེ།
Future [བསྡིག, གཟི་བརྗིད་ངོམ་ནས་གཞན་ལ་བསྡིག་ན་འོས་སམ།]
Present [སྡིག, དགྲ་ལ་སྡིག་བྱེད་ཀྱི་དཔའ་རྔམ།]
Past [བསྡིགས།, སྟོབས་ཀྱིས་བསྡིགས་ནས་གཞན་དབང་དུ་བསྡུས།]
Imperative [སྡིགས།, དཔལ་དང་འབྱོར་བས་ཕ་རོལ་ལ་སྡིགས་ཤིག་ལྟ་བུ།]