From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྡིག་པ་ (1)
| Part of speech
|
མིང་ཚིག
|
| Definition
|
ཆོས་ལུགས་སམ་ཁྲིམས་ལུགས་དང་འགལ་བའི་ཀུན་སྤྱོད།
|
| Example
|
མི་བསད་པའི་སྡིག་པ། རྫུན་བཤད་པའི་སྡིག་པ། རྐུ་འཕྲོག་བྱས་པའི་སྡིག་པ་ལྟ་བུ།
|
| Antonyms
|
དགེ་བ།
|
སྡིག་པ་ (2)
| Part of speech
|
མིང་ཚིག
|
| Definition
|
རང་འབྲས་རྣམ་སྨིན་ཡིད་དུ་མི་འོང་བ་འབྱིན་བྱེད་ཀྱི་ལས།
|
| Example
|
སྡིག་པ་བསགས་པ། སྡིག་པ་བཤགས་པ་ལྟ་བུ།
|
| Domain
|
ཆོས་ལུགས།
|
སྡིག་པ་ (3)
| Part of speech
|
མིང་ཚིག
|
| Definition
|
སའི་གོ་ལས་ཉི་མར་སྐོར་བ་རྒྱག་སའི་འཁོར་ལམ་ལ་ཆ་བཅུ་གཉིས་སུ་བགོས་པའི་ཆ་ཤས་ཤིག་སྟེ་སྡིག་ཁྱིམ་ཞེས་པར་ལྟོས།
|
| Domain
|
རྩིས་རིག
|