98728

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡིག་པ་ཅན་གྱི་དགེ་སློང་དུ་རིག་པར་བྱ་བའི་ཆོས་བཞི་ (1)
Part of speech མིང་ཚིག
Definition ཆགས་པ། ཞེ་སྡང་། གཏི་མུག ངའོ་སྙམ་པའི་ང་རྒྱལ།
Domain ཆོས་ལུགས།
སྡིག་པ་ཅན་གྱི་དགེ་སློང་དུ་རིག་པར་བྱ་བའི་ཆོས་བཞི་ (2)
Part of speech མིང་ཚིག
Definition ཁེངས་པ། མུ་ཅོར་སྨྲ་བ། བྱ་ཁྭ་ཏ་ལྟ་བུ། ཚིག་འཆལ་བ།
སྡིག་པ་ཅན་གྱི་དགེ་སློང་དུ་རིག་པར་བྱ་བའི་ཆོས་བཞི་ (3)
Part of speech མིང་ཚིག
Definition རྒོད་པ། ཕོ་ཐེག་ཅན། རྙེད་པ་འདོད་པ། ཆོས་མ་ཡིན་པ་འདོད་པ།
སྡིག་པ་ཅན་གྱི་དགེ་སློང་དུ་རིག་པར་བྱ་བའི་ཆོས་བཞི་ (4)
Part of speech མིང་ཚིག
Definition གཡོ་ཅན། སྒྱུ་ཅན། མི་མཐུན་པས་འཚོ་བ། མི་གཙིགས་པར་སྨྲ་བ།
སྡིག་པ་ཅན་གྱི་དགེ་སློང་དུ་རིག་པར་བྱ་བའི་ཆོས་བཞི་ (5)
Part of speech མིང་ཚིག
Definition བྱས་པ་མི་གཟོ་བ། བྱས་པ་ལ་སྨོད་པ། སྔོན་བྱས་པ་མི་དྲན་པ། མཛའ་བོ་ལ་འཁུ་བ།
སྡིག་པ་ཅན་གྱི་དགེ་སློང་དུ་རིག་པར་བྱ་བའི་ཆོས་བཞི་ (6)
Part of speech མིང་ཚིག
Definition དད་པས་བྱིན་པ་ལོག་པར་ལྟུང་བ་བྱེད་པ། ཚུལ་ཁྲིམས་མི་སྲུང་བ། སོ་སོར་ཐར་པ་ཁྱད་དུ་གསོད་པ། འདུལ་བ་མི་སྲུང་བ།
སྡིག་པ་ཅན་གྱི་དགེ་སློང་དུ་རིག་པར་བྱ་བའི་ཆོས་བཞི་ (7)
Part of speech མིང་ཚིག
Definition བདག་ཏུ་སྨྲ་བ། སེམས་ཅན་དུ་སྨྲ་བ། སྲོག་ཏུ་སྨྲ་བ། གང་ཟག་ཏུ་སྨྲ་བ།
སྡིག་པ་ཅན་གྱི་དགེ་སློང་དུ་རིག་པར་བྱ་བའི་ཆོས་བཞི་ (8)
Part of speech མིང་ཚིག
Definition སངས་རྒྱས་ལ་མི་གུས་པ། ཆོས་ལ་མི་གུས་པ། དགེ་འདུན་ལ་མི་གུས་པ། བསླབ་པ་རྣམས་ལ་མི་གུས་པ།
སྡིག་པ་ཅན་གྱི་དགེ་སློང་དུ་རིག་པར་བྱ་བའི་ཆོས་བཞི་ (9)
Part of speech མིང་ཚིག
Definition དགེ་འདུན་མཐུན་པ་ལ་མི་དགའ་བ་ཡིན། གཙུག་ལག་ཁང་ལ་དགའ་བ་མི་རྙེད་པ་ཡིན། འདུ་འཛི་ལ་མངོན་པར་དགའ་བ་ཡིན། འཇིག་རྟེན་རྒྱང་འཕེན་པའི་གསང་ཚིག་བརྗོད་པ།
སྡིག་པ་ཅན་གྱི་དགེ་སློང་དུ་རིག་པར་བྱ་བའི་ཆོས་བཞི་ (10)
Part of speech མིང་ཚིག
Definition རྙེད་པ་འདོད་པ་ཡིན། གྲགས་པ་འདོད་པ་ཡིན། གཉེན་བཤེས་འདོད་པ་ཡིན། ཆོས་ལ་མཆོག་ཏུ་དགའ་བ་མི་རྙེད་པ་ཡིན།
སྡིག་པ་ཅན་གྱི་དགེ་སློང་དུ་རིག་པར་བྱ་བའི་ཆོས་བཞི་ (11)
Part of speech མིང་ཚིག
Definition བདུད་ཀྱིས་ཟིན་པ་ཡིན། བདུད་ཀྱིས་ནོན་པ་ཡིན་པ། རྨུགས་པ་དང་གཉིད་མང་བ་ཡིན། འཕགས་པའི་རིགས་རྣམས་ལ་མི་གནས་པ་ཡིན།
སྡིག་པ་ཅན་གྱི་དགེ་སློང་དུ་རིག་པར་བྱ་བའི་ཆོས་བཞི་ (12)
Part of speech མིང་ཚིག
Definition ལུས་རུལ་ཅིང་བརྒྱན་པ། ཉོན་མོངས་པས་སྣད་པ། མྱ་ངན་ལས་འདས་པ་ལ་རྒྱབ་ཀྱིས་བལྟས་པ། འབྲས་བུ་ཐོབ་པ་མེད་པ།
སྡིག་པ་ཅན་གྱི་དགེ་སློང་དུ་རིག་པར་བྱ་བའི་ཆོས་བཞི་ (13)
Part of speech མིང་ཚིག
Definition འདོད་ཆགས་ཀྱི་ཡོངས་སུ་གདུང་བས་གདུངས་པ། ཞེ་སྡང་གི་ཡོངས་སུ་གདུང་བས་གདུངས་པ། གཏི་མུག་གི་ཡོངས་སུ་གདུང་བས་གདུངས་པ། ཉོན་མོངས་པ་ཐམས་ཅད་ཀྱིས་ཡོངས་སུ་གདུང་བས་གདུངས་པ།
སྡིག་པ་ཅན་གྱི་དགེ་སློང་དུ་རིག་པར་བྱ་བའི་ཆོས་བཞི་ (14)
Part of speech མིང་ཚིག
Definition ལམ་ངན་པ་ལ་གནས་ཏེ་འབྱུང་བ་མི་མཐོང་བ་ཡིན། སེར་སྣ་ཅན་དུ་གྱུར་ཏེ་ཀུན་མི་འགྱེད་པའི་ངང་ཚུལ་ཅན་ཡིན། ཐམས་ཅད་ཡོངས་སུ་འཛིན་པར་འདོད་ཅིང་ཆོག་མི་ཤེས་པ་ཡིན། ངོམས་མི་མྱོང་ཞིང་ཐོས་པའི་ནན་ཏན་དང་བྲལ་བ་ཡིན།
སྡིག་པ་ཅན་གྱི་དགེ་སློང་དུ་རིག་པར་བྱ་བའི་ཆོས་བཞི་ (15)
Part of speech མིང་ཚིག
Definition མུན་པར་གཞོལ་བས་མུན་པར་གྱུར་པ་ཡིན། རྨོངས་པ་ལ་གཞོལ་བས་རྨོངས་པར་གྱུར་པ་ཡིན། ལོག་པའི་ཆོས་ཀྱིས་དཀྲིས་པས་ཆོས་མ་ཡིན་པ་མཐོང་བ་ཡིན། མྱ་ངན་ལས་འདས་པའི་སྒོ་བཅད་པས་འཁོར་བའི་བཅིང་བས་བཅིངས་པ་ཡིན།
སྡིག་པ་ཅན་གྱི་དགེ་སློང་དུ་རིག་པར་བྱ་བའི་ཆོས་བཞི་ (16)
Part of speech མིང་ཚིག
Definition ལུས་ཀྱི་ཚུལ་འཆོས་པ་ཡིན། ངག་གི་ཚུལ་འཆོས་པ་ཡིན། སེམས་ཀྱི་ཚུལ་འཆོས་པ་ཡིན། སྤྱོད་ལམ་གྱི་ཚུལ་འཆོས་པ་ཡིན།