98729

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དགེ་སློང་གིས་ཕྱོགས་འགའ་ལ་སྡིག་ལྟ་སྐྱེས་པ་དེ་བཟློག་ཀྱང་མ་བཏང་བ་ལས་གྱུར་པའི་ལྟུང་བ་ཞིག་ལ་ཟེར། དེའི་ངོ་ཏི་ནི། པཎ་ཆེན་འདུལ་བ་ལས། སྡིག་ལྟ་སྐྱེས་པ་བཞམ་སྒོ་དང་གསོལ་བཞིའི་ལས་ཀྱིས་ཟློག་ཀྱང་མ་བཏང་ན་དེར་འགྱུར་བའི་ཕྱིར། གླེང་གཞི་ནི། མཉན་ཡོད་དུ་འཆི་ལྟས་ཀྱིས་སྡིག་པའི་ལྟ་བ་འཛིན་ཅིང་བཟློག་ཀྱང་མི་གཏོང་བ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་སྡིག་པ་ཅན་གྱི་ལྟ་བ་འཛིན་པས་ངོ་བོ་ཉིད་ཀྱིས་དགག་བྱ་གྱུར་བ་དང་། དགེ་འདུན་གྱིས་བཟློག་ཀྱང་མི་གཏོང་བས་རང་རིགས་ཀྱི་དགེ་འདུན་ལ་གནོད་པའོ། །ཞེས་གསུངས།
Domain ཆོས་ལུགས།