98743

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡིག་པ་ཟད་པའི་རྟགས་དགུ་ (1)
Part of speech མིང་ཚིག
Definition འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། ༡ རྨི་ལམ་དུ་མི་གཙང་བ་ལ་སོགས་པ་ཟག་པ། ༢ རྨི་ལམ་དུ་འོ་མ་ལ་སོགས་པའི་ཟས་ཟ་བ། ༣ རྨི་ལམ་དུ་ཞོ་དང་འོ་མ་ལ་སོགས་པ་སྐྱུག་པ་དང༌། ཉི་མ་དང་ཟླ་བ་མཐོང་བ། ༤ རྨི་ལམ་དུ་འོངས་པ་དང༌། མེ་འབར་བ་དང༌། དུག་དང་བཅས་པའི་སྐྱེས་བུ་ནག་པོ་ཕམ་པར་བྱས་པ། ༥ རྨི་ལམ་དུ་དགེ་སློང་མཐོང་བ། ༦ རྨི་ལམ་དུ་དགེ་སློང་མ་མཐོང་བ། ༧ རྨི་ལམ་དུ་འོ་མའི་ཤིང་དང་གླང་པོ་ཆེ་དང་རི་དང་སེང་གེ་མཐོང་བ། ༨ རྨི་ལམ་དུ་ཁང་བཟང་ལ་འཛེག་པ་མཐོང་བ། ༩ རྨི་ལམ་དུ་ཆོས་ཉན་པ་མཐོང་བའོ། །
Domain ཆོས་ལུགས།