98752

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡིག་པ་སྦྱོང་བའི་རྟེན་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་རྒྱུད། སྦྱོང་སྟེགས་པདྨ་དཀར་པོ་འདབ་མ་བརྒྱད་པའི་སྟེང་དུ། སྦྱོང་རྒྱུད་ལས། ང་ཡི་གཟུགས་བརྙན་བྲི་བ་འམ། །གུར་གུམ་གྱིས་ནི་མིང་ཡང་རུང། །ཞེས་གསུངས། ཤཱཀ་ཐུབ་ཀྱི་སྐབས་སུ། ཤི་བའི་རོ་གཟུགས་བརྙན་མིང་ལ་སོགས་པ་བྲིས་ཏེ་ཞེས་དང། ཚེ་དཔག་མེད་ཀྱི་སྐབས་སུ། ཀྱེ། ལྷའི་བུ་དག་ངན་སོང་དུ་སྐྱེས་ཟིན་པ་དེ་དག་གི་མིང་ལ་ཡང་དབང་སྐུར་ཅིག གཟུགས་བརྙན་ལ་ཡང་དབང་བསྐུར་བར་གྱིས་ཤིག་ཅེས་གསུངས། རྗེ་བཙུན་གྱིས་རོ་ཡོད་པའམ། མེད་ཀྱང་གཟུགས་བྲིས་པ་ནི་ཅིས་ཀྱང་དགོས་གསུངས། ཉེར་མཁོ་ལས། ལྷོ་ཕྱོགས་སུ་ཁྲུ་གང་པའི་པདྨ་དཀར་པོའི་སྟེང་དུ་འཁོར་ལོ་སྔོན་པོ་བྱ། གོང་རས་ལ་སོགས་པར་མཛེས་ཚོན་གྱིས་པཎྜལ་བྲིས་ལ། དེའི་སྟིང་དུ་རོའམ། རུས་པའམ། གཟུགས་སམ། གོས་སམ། རུས་པ་ལས་བྱས་པའི་སཱཙྪའམ་མིང་བྱང་བཞག་པར་བྱའོ། །ཞེས་གསུངས་པའི་ཕྱིར་མིང་བྱང་དང། གཟུགས་བརྙན་གཉིས་ཀ་བྲི་དགོས་པར་རྒྱུད་དང་རྗེ་བཙུན་གྱིས་གསུངས་པ་པདྨ་ཕྲིན་ལས་པས་ཀྱང་གསུངས་སོ་ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། །
Domain ཆོས་ལུགས།