98753
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྣལ་འབྱོར་རྒྱུད། ངན་སོང་གི་སྡིག་པ་སྦྱོང་བའི་ཐབས་བཤད་པའི་གཞུང་དངོས་ལ་དགུ་སྟེ། ཀུན་རིག་རྩ་བའི་དཀྱིལ་འཁོར་དུ་དབང་བསྐུར་ཏེ་སྡིག་པ་སྦྱང་བ། དབང་བསྐུར་ཏེ་མཆོད་རྟེན་དབུས་སུ་བཞག་ཏེ་སྡིག་པ་སྦྱང་བ། དབང་བསྐུར་ཏེ་དྲིའི་གཙང་དུ་བཞག་པས་སྡིག་པ་སྦྱང་བ། བཟླས་པ་བྱས་པས་སྦྱང་བ། རོ་བསྲེགས་ཏེ་སྡིག་པ་སྦྱང་བ། རྟེན་མེད་པ་ལ་སྡིག་པ་སྦྱང་བ། ཕྱིར་བཟློག་གིས་སྡིག་པ་སྦྱང་བའོ། །འདི་ སྦྱིན་སྲེག་གིས་སྡིག་པ་སྦྱང་བ་དང། མཆོད་རྟེན་བཏབ་པས་སྡིག་པ་སྦྱང་བ་གཉིས་པོ་དེ་ཆད་སོང་བ་སྣང་ངོ་ཞེས་འཇམ་མགོན་ཨ་མེས་ཞབས་ཀྱི་ངན་སོང་སྦྱོང་རྒྱུད་ཀྱི་ཁོག་ཕུབ་ལས་སོ། ། ཚེ་འདས་སྡིག་སྦྱོང་ཐམས་ཅད་ཀྱིས་རྗེས་སུ་བཟུང་བ་ནི། གཞན་ཕན་འོད་ཟེར་ལས། དེ་ལ་བསྙེན་པ་སྔོན་དུ་སོང་བས་ལས་སུ་བྱ་བ་ནི་བདུན་ཏེ། དབང་བསྐུར་བས་སྡིག་པ་སྦྱང་བ་དང་། བཟླས་པས་སྡིག་པ་སྦྱང་བ། ཕྱིར་བཟློག་གིས་སྡིག་པ་སྦྱང་བ། སྦྱིན་བསྲེག་གིས་སྡིག་པ་སྦྱང་བ། རོ་བསྲེག་སྟེ་སྡིག་པ་སྦྱང་བ། མཆོད་རྟེན་བཏབ་པས་སྡིག་པ་སྦྱང་བ་དང་། ཐམས་ཅད་ལ་ཐུན་མོང་དུ་རོ་ལ་སོགས་པའི་རྟེན་མེད་ན་ཇི་ལྟར་བྱ་བའི་ཆོ་ག་གའོ། །དང་པོ་ལ་གསུམ་སྟེ། དབང་བསྐུར་བས་སྡིག་པ་སྦྱང་བ། དབང་བསྐུར་ཏེ་མཆོད་རྟེན་དུ་བཞག་པས་སྡིག་པ་སྦྱང་བ། དབང་བསྐུར་ཏེ་དྲི་གཙང་ཁང་དུ་བཞག་སྟེ་སྡིག་པ་སྦྱང་བའོ། །ཞེས་དང་པོ་གསུམ་དུ་ཕྱེ་བས་དགུར་གསུངས་པ་ཡིན་ནོ་ཞེས་སྡེ་གཞུང་ཆོས་འཕེལ་གྱི་ཀུན་རིག་རྣམ་བཤད་ལས་སོ། ། |
| Domain | ཆོས་ལུགས། |