98757

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡིག་པའི་གྲོགས་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། དེ་ཡང་བསྙེན་པའི་གཞི་མ་སྒོ་དགུའི་ནང་གསེས་མཚན་ལྡན་གྲོགས་ལ་བསྙེན་པའི་སྐབས་ཀྱི་སྤང་བྱའི་གྲོགས་ཤིག་སྟེ། དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལས། སྡིག་ལག་གསོད་ཁ་རྫུན་ཚིག་མཁན། དགེ་བར་མི་འགྱུར་སྡིག་པའི་གྲོགས། མི་མཐུན་གྲོགས་ཏེ་སྤང་བའི་རིགས། ཞེེས་གསུངས་པས། དེ་ཡང་ལུས་ཀྱི་སྒོ་ནས་སྲོག་གཅོད་པས་སྡིག་ལག་ཅན་དུ་གྱུར་ཅིང་ངག་གིས་སོད་སོད་དང་རྫུན་བཅས་སྨྲ་བས་གསོད་ཁ་རྫུན་ཚིག་མཁན་དུ་བྱ་ལ། ཡིད་ཀྱིས་དེ་དག་གི་གཞི་བྱས་པས་དགེ་བར་མི་འགྱུར་བ་སྡིག་པའི་གྲོགས་ཏེ། མི་མཐུན་པ་སྤང་བྱར་བསྟན་པའོ། །
Domain ཆོས་ལུགས།