9876
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། མཚན་ཉིད་ནི། བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས། རང་ལ་གཟུགས་སྣང་དོར་བའི་སྒོ་ནས། ཕྱི་རོལ་གྱི་གཟུགས་དཀར་པོ་ཐམས་ཅད་ཇི་ལྟར་འདོད་པ་བཞིན་དུ་དབང་བསྒྱུར་བའི་སྒོ་ནས་ཟིལ་གྱིས་གནོན་ནུས་པའི་ཞི་ལྷག་ཟུང་འཇུག་གོ་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་སོ། །ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས། གཟུགས་མེད་གཟུགས་དཀར་པོ་ལ་ལྟ་བའི་ཟིལ་གནོན་ནི། རྣལ་འབྱོར་པ་ནང་གཟུགས་མེད་པ་འདུ་ཤེས་པ་དག་ཁོ་ནས་ཕྱི་རོལ་གྱི་གཟུགས་དཀར་པོ་ཁ་དོག་དཀར་པོ། དཀར་པོ་ལྟ་བུར་སྟོན་པ། འོད་དཀར་པོ་འབྱུང་བ་རྣམས་ལ་ལྟ་ཞིང་། དེ་དག་ཟིལ་གྱིས་མནན་ནས་ཤེས་ཟིལ་གྱིས་མནན་ནས་མཐོང་བའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པ་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་པའོ། །དེ་ལ་དཀར་པོ་ཞེས་སོགས་ཀྱིས་ནི་མདོར་བསྟན་ནོ། །ཁ་དོག་དཀར་པོ་ཞེས་སོགས་ཀྱིས་ནི་ལྷན་སྐྱེས་དང་། དཀར་པོ་ལྟ་བུར་སྟོན་པ་ཞེས་སོགས་ཀྱིས་ནི་སྦྱར་བྱུང་དང་། འོད་དཀར་པོ་འབྱུང་བ་ཞེས་སོགས་ཀྱིས་ནི་གཉིས་ཀ་ལ་དཀར་པོ་སོགས་ཀྱི་མདངས་ཡོད་པར་སྟོན་ནོ་ཞེས་སོ། ། |
| Domain | ཆོས་ལུགས། |