98768
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྙིང་མ། བླ་མ་དྲག་པོའི་ལས་ཚོགས་ལས། སྡིག་པའི་སྒོས་སྒྲུབ་གནམ་ལྕགས་ཐོག་རྒོད་འབར་བ། ཞེས་བྱ་བ་སྟེ། གཏེར་ཆེན་རཏྣ་གླིང་པས་གདན་དྲངས། འདིའི་ནང་དོན་ལ། བླ་མ་དྲག་པོའི་མན་ངག་ལས། སྡིག་པ་ནག་པོའི་སྒོས་སྒྲུབ་བྱེད་པའི་ལས་ཆོག་བསྟན། མཛད་བྱང་དུ། སྡིག་པའི་སྒོས་སྒྲུབ་གནམ་ལྕགས་ཐོག་རྒོད་འབར་བ་ཞེས་བྱ་བ༔ གུ་རུའི་གསུང་བཞིན་བདག་འདྲ་མཚོ་རྒྱལ་གྱིས་བཀོད་པའོ༔ ༔ཞེས་གསལ། སྒྲུབ་ཐབས་འདིའི་མཚན་ལ། སྡིག་པའི་སྒོས་སྒྲུབ་གནམ་ལྕགས་ཐོག་རྒོད། ཅེས་ཀྱང་བྱའོ། ། |
| Domain | ཆོས་ལུགས། |