98770

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡིག་བཤགས་གསེར་གྱི་སྤུ་གྲི་ (1)
Part of speech མིང་ཚིག
Definition སྡིག་པའི་ལས་ལས་ཐུ་བའི་མཚམས་མེད་ལྔའི་སྡིག་པ་རྣམས་སྦྱངས་བའི་གདམས་ངག་ཟབ་མོ་ཞིག་སྟེ། དེ་ཡང་ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་གསུངས་པ་སྟེ། སྟོན་པ་ཕུན་ཚོགས་ནི། ཞང་བོད་ཤེས་རིག་གི་སྲོལ་འབྱེད་ཆེན་མོ་སྟོན་པ་གཤེན་རབ་མི་བོ་མཆོག་ཡིན། གནས་ཕུན་ཚོགས་ནི། གནས་མཆོག་འོལ་མོ་ལུང་རིང་གི་ཡུལ་གྲུ་གཡུང་དྲུང་དགུ་བརྩེགས་རིའི་རྩེ་ཡིན། འཁོར་ཕུན་ཚོགས་ནི། ཡེ་ལྷ་གསང་བ་དད་ལྡན་གཙོས་པས་གཡུང་དྲུང་སེམས་དཔའ་མང་པོ་དང་ཐབས་ཅིག་ཏུ་བཞུགས་ཞེས་སོ། །བཀའ་ཕུན་ཚོགས་ནི། སྡིག་བཤགས་གསེར་གྱི་སྤུ་གྲི་ཞེས་པ་འདི་ཡིན། དུས་ཕུན་ཚོགས་ནི། དེའི་ཚེ་དེའི་དུས་ན་ཞེས་པས་ངོས་གཟུང་དཀའ་འོ། །ལག་ལེན་སོགས་ནི་དཔེ་གཞུང་ལས་གསལ་ལོ། །གཏེར་མ་སྟེ། གཏེར་གནས་ནི་ཉུང་སྟོད་གཙང་གི་བྲག་ལས་བཏོན། གཏེར་སྟོན་ནི་གཉེན་འཐིང་ཡིན་ནོ། །