9885
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། ཤི་འཕོས་མ་ཐག་གཟུགས་མེད་དུ་ཉིང་མཚམས་སྦྱོར་བར་ངེས་པའི་འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་དུ་དམིགས་པ་དེ་གཟུགས་མེད་ཉེར་འགྲོའི་ཕྱིར་མི་འོང་གི་མཚན་ཉིད་ཡིན། དེ་ལ་དབྱེ་ན། སྐྱེས་ནས་འདའ་བ། མངོན་པར་འདུ་བྱེད་དང་བཅས་ནས་འདའ་བ། མངོན་པར་འདུ་བྱེད་དེ་མེད་པར་འདའ་བ། གོང་འཕོ་བ་དང་བཞིར་ཡོད་དོ། །འདི་ལ་བར་འདའ་བ་མེད་དེ། གཟུགས་མེད་དུ་སྐྱེ་བ་ལ་བར་དོ་མེད་པའི་ཕྱིར། |
| Domain | ཆོས་ལུགས། |