From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གཟུགས་མེད་ཉེར་འགྲོའི་ཕྱིར་མི་འོང་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། གཟུགས་མེད་གྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པར་ངེས་པའི་འདོད་པའི་རྟེན་ཅན་གྱི་འཕགས་པའི་གང་ཟག་ཞིག་ལ་འཇོག་པ་ཡིན་ནོ། །མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་གང་ཞིག །གཟུགས་སུ་སྐྱེ་བ་མ་བླངས་པར་གཟུགས་མེད་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་རིགས་ཅན་དེ་གཟུགས་མེད་ཉེར་འགྲོའི་ཕྱིར་མི་འོང་གི་འཇོག་བྱེད། དེ་ལ་དབྱེ་ན། གཟུགས་མེད་ཉེར་འགྲོའི་ཕྱིར་མི་འོང་སྐྱེས་འདའ་བ། འདུ་བྱེད་དང་བཅས་ཏེ་འདའ་བ། འདུ་བྱེད་མེད་པར་འདའ་བ། གོང་འཕོ་བ་དང་བཞི་ཡོད་ཀྱི། གཟུགས་མེད་ཉེར་འགྲོའི་ཕྱིར་མི་འོང་བར་འདའ་བ་མེད་དེ། གཟུགས་མེད་ཀྱི་བར་དོ་མེད་པའི་ཕྱིར། ཞེས་གསུངས།
|
| Domain
|
ཆོས་ལུགས།
|
གཟུགས་མེད་ཉེར་འགྲོའི་ཕྱིར་མི་འོང་ (2)
| Part of speech
|
མིང་ཚིག
|
| Definition
|
ཕྱིར་མི་འོང་གང་ཞིག གཟུགས་ཁམས་སུ་ལས་དབང་གིས་མི་འགྲོ་ཞིང༌། ལས་དབང་གིས་གཟུགས་མེད་ཁོ་ནར་ཕྱིན་ཏེ་མྱ་ངན་ལས་འདའ་བའི་རིགས་ཅན་ནོ། །དེ་ལ་དབྱེ་ན། སྐྱེས་ཙམ་ནས་འདའ་བ། མངོན་པར་འདུ་བྱེད་མེད་པར་འདའ་བ། མངོན་པར་འདུ་བྱེད་དང་བཅས་ཏེ་འདའ་བ། གཟུགས་མེད་ཉེར་འགྲོའི་གོང་འཕོ་དང་བཞི་ཡོད་དེ། མཛོད་ལས། གཞན་ནི་གཟུགས་མེད་འགྲོ་རྣམ་བཞི། ཞེས་གསུངས་པའི་ཕྱིར། འདི་ལ་བར་འདའ་བ་ནི་མི་འཇོག་པའི་རྒྱུ་མཚན་ཡོད་དེ། འདི་ལ་གནས་གཞན་ལོག་པ་མི་དགོས་པའི་ཕྱིར་ཏེ། འདི་ན་གཟུགས་མེད་པའི་ཕྱིར། དེས་ན་རང་གང་དུ་ཤི་ས་དེར་མིང་གཞིའི་ཕུང་པོ་ཙམ་ཞིག་འགྲུབ་པར་འགྱུར་ཏེ། མཛོད་ལས། གཟུགས་མེད་གང་དུ་ཤི་བ་དེར། ཞེས་སོགས་གསུངས་པའི་ཕྱིར། སྒྲ་བཤད་ནི། ཕྱིར་མི་འོང་གི་འབྲས་བུ་ཐོབ་རྗེས་གཟུགས་མེད་ཁོ་ནར་ཕྱིན་ཏེ་ཡོངས་སུ་མྱ་ངན་ལས་འདའ་བའི་དོན་གྱིས་གཟུགས་མེད་ཉེར་འགྲོའི་ཕྱིར་མི་འོང་ཞེས་བརྗོད་དོ། །ས་མཚམས་ནི། ལམ་རྗེས་ཤེས་ནས་སྲིད་ཉོན་དགུ་པའི་དངོས་གཉེན་བར་ཆད་མེད་ལམ་ལ་གནས་པའི་བར་ན་ཡོད། ཅིའི་ཕྱིར་ཕྱིར་མི་འོང་ཞེས་བྱ་ཞེ་ན། འདོད་པར་ལས་དབང་གིས་ཕྱིར་མི་འོང་བའི་དོན་གྱིས་ཕྱིར་མི་འོང་ཞེས་བརྗོད་དེ། མཛོད་འགྲེལ་ལས། འབྲས་བུ་ལ་གནས་པ་དེ་ཉིད་རྣམ་པ་དགུ་སྤངས་པས་ཕྱིར་མི་འོང་བ་ཡིན་པ་རིག་པར་བྱ་སྟེ། འདོད་པའི་ཁམས་སུ་ཕྱིར་མི་འོང་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར།
|