9893

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟུགས་མེད་དགེ་བའི་སེམས་ཀྱི་དེ་མ་ཐག་རྐྱེན་སེམས་དྲུག་ (1)
Part of speech མིང་ཚིག
Definition མདོ། མངོན་པ། གཟུགས་མེད་ཁམས་སུ་སྤྱོད་པའི་དགེ་བའི་སེམས་ཀྱི་དེ་མ་ཐག་རྐྱེན་གྱུར་པའི་སེམས་རྣམས་ཏེ། རང་གི་ས་པ་གསུམ་དང་། གཟུགས་ན་སྤྱོད་པའི་དགེ་བ་དང་། སློབ་པ་དང་། མི་སློབ་པ་དག་གོ །དེ་ཡང་རྒྱུན་གྱི་ཚེ་དགེ་བ་གཉིས་ཕན་ཚུན་དང་། ས་མཚུངས་པ་ན་བསྒྲིབས་པ་ལས་དགེ་བ་གཉིས་ཀ་དང་། མ་བསྒྲིབས་པ་རྣམ་སྨིན་སྐྱེས་ལས་དགེ་བ་སྐྱེས་ཐོབ་ཁོ་ན་འབྱུང་བས་རང་གི་ས་པ་གསུམ་དང་། སྙོམས་པར་འཇུག་པ་ན་གཟུགས་ཀྱི་དགེ་བ་སྦྱོར་བྱུང་ཁོ་ན་ལས་གཟུགས་མེད་ཀྱིའང་སྦྱོར་བྱུང་ཁོ་ན་དང་། སྙོམས་འཇུག་ལྡང་བ་ན་ཟག་མེད་གཉིས་གཉིས་ཀྱི་རྗེས་སུ་གཟུགས་མེད་ཀྱི་སྦྱོར་བྱུང་ཁོ་ན་འབྱུང་བའི་ཕྱིར་དེ་དག་དྲུག་གོ །
Domain ཆོས་ལུགས།

{{#arraymap:གཟུགས་མེད་དགེ་བའི་སེམས་ཀྱི་དེ་མ་ཐག་རྐྱེན་སེམས་དྲུག་

|; |@@@ | | }}