98950

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡེ་གསུམ་ཀློང་དགུ་ (1)
Part of speech མིང་ཚིག
Definition སྡེ་གསུམ་ནི། རྙིང་མའི་ཆོས་ཀྱི་སྙིང་པོར་གྱུར་པའི་མན་ངག་རྫོགས་པ་ཆེན་པོའི་ནང་གསེས་སྡེ་གསུམ་སྟེ། སེམས་སྡེ། ཀློང་སྡེ། མན་ངག་གི་སྡེ་བཅས་གསུམ། ཀློང་དགུ་ནི། ཀློང་སྡེའི་མཁའ་དང་མཉམ་པའི་རྒྱུད་ཆུང་བའི་དོན་ཀློང་དགུ་སྟེ། དང་པོ་ལྟ་བའི་ཀློང་། གཉིས་པ་སྤྱོད་པའི་ཀློང་། གསུམ་པ་དཀྱིལ་འཁོར་ཀློང་། བཞི་པ་དབང་གི་ཀློང་། ལྔ་པ་དམ་ཚིག་གི་ཀློང་། དྲུག་པ་སྒྲུབ་པའི་ཀློང་། བདུན་པ་ཕྲིན་ལས་ཀྱི་ཀློང་། བརྒྱད་པ་ས་ལམ་གྱི་ཀློང་། དགུ་པ་འབྲས་བུའི་ཀློང་ངོ་། །
Domain ཆོས་ལུགས།

{{#arraymap:སྡེ་གསུམ་ཀློང་དགུ་

|; |@@@ | | }}