98957

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡེ་དགེ་ཕྱི་འབྲོག་སྟག་ལུང་དགོན་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་གསུམ་པའི་སྨད་ཙམ་ལ་སྟག་ལུང་ཐང་པའི་སློབ་མ་ཆོས་རྗེ་སེ་མོ་དོ་པ་འམ་རས་པ་སངས་རྒྱས་ཉི་མའི་རྣམ་སྤྲུལ་སྟག་ལུང་དུང་གི་དབུ་རལ་པས་ཕྱག་བཏབ། རྗེ་གོང་མ་རས་པ་སངས་རྒྱས་ཉི་མ་བྱང་གནམ་ཚོའི་སེ་མོ་དོ་ལ་ལོ་བདུན་སྒྲུབ་པ་མཛད་ཅིང་བཞུགས་པས་གནས་ཀྱི་མིང་ལས་དྲངས་ཏེ་སེ་མོ་དོ་པ་ཞེས་ཐོག་ཅིང་། སེ་མོ་དོ་པ་དང་པོར་བརྩིས་ནས་ ད་ལྟ་འཚོ་བཞུགས་དོ་པ་ཆོས་ཀྱི་ཉི་མ་རིན་པོ་ཆེའི་བར་སྐྱེ་རབས་སྐུ་འཕྲེངས་བཅོ་ལྔ་ཙམ་བྱོན་པའི་ངག་རྒྱུན་བཤད་སྲོལ་ཡོངས་གྲགས་ཡིན་འདུག།ཕྱིས་སུ་དགོས་པ་གང་ཡིན་ཆ་མ་འཚལ་ཡང་། དོ་པ་རིན་པོ་ཆེ་དང་། སྡེ་འབངས་ཡོངས་ནས་རྒྱལ་དབང་ཀརྨ་པ་ལ་སྟག་ལུང་དགོན་དུ་སྤྲུལ་སྐུ་ཞིག་གནང་རོགས་ཞེས་ཞུས་པ་ལྟར། ཀམ་ཚང་གི་གདན་ས་བར་པ་འོག་མིན་ཀརྨ་དགོན་གྱི་སྤྲུལ་སྐུ། ཀརྨའི་མགོན་པོ་སྤྲུལ་སྐུ་མཆོག་གནང་པས་དེ་ནས་བཟུང་། ཁོང་གི་ཡང་སྤྲུལ་རིམ་བྱོན་རྣམས། སྟག་ལུང་དགོན་གྱི་སྤྲུལ་སྐུ་ལ་གྱུར་ཅིང་། ད་ལྟ་འཚོ་བཞུགས་ཐུབ་བསྟན་བྱམས་པ་རིན་པོ་ཆེའི་བར་སྐུ་ཕྲེང་བརྒྱད་ཙམ་ཡིན་པ་གསུངས་ཚུལ་འདུག། ཆོས་སྡེ་འདི་སྡེ་དགེའི་ཆར་གཏོགས་འཇོ་མདའི་ཁོངས་སུ་ཆགས་ཡོད་ཅིང་། སྤྲུལ་སྐུ་གཉིས་དང་གྲྭ་གྲངས་སུམ་བརྒྱ་ལྷག་ཙམ་གྱིས་འཁོར་ལོ་གསུམ་གྱི་མཛད་པའི་སྒོ་ནས་བསྟན་པ་སྐྱོང་བཞིན་པ་དང་།གདན་ས་དང་ཉེ་བའི་སར་བཙུན་མ་བརྒྱ་ལྷག་ཙམ་ཡོད་པའི་ བུ་དགོན་པདྨ་གླིང་དང་། ཕྱི་ལོ་༢༠༡༢་ལོར། འབྲུག་སྤ་གྲོ་རུ་དོ་པ་རིན་པོ་ཆེ་ནས་སྟག་ལུང་དགོན་འོད་གསལ་བྱེ་བའི་གླིང་གསར་དུ་བསྐྲུན་ཡོད་པ་བཅས་སོ། །

{{#arraymap:སྡེ་དགེ་ཕྱི་འབྲོག་སྟག་ལུང་དགོན་

|; |@@@ | | }}