98960

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡེ་དགེའི་བསྟན་འགྱུར་དཀར་ཆག་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཉིས་པའི་ཆུ་ཕག་ལོར་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པའི་བསྟན་འགྱུར་གྱི་དཀར་ཆག་ཅིག་སྟེ། མཚན་བྱང་ཆ་ཚང་ལ་ཀུན་མཁྱེན་ཉི་མའི་གཉེན་གྱི་བཀའ་ལུང་གི་དགོངས་དོན་རྣམ་པར་འགྲེལ་བའི་བསྟན་བཅོས་གངས་ཅན་པའི་སྐད་དུ་འགྱུར་རོ་འཚལ་གྱི་ཆོས་སྦྱིན་རྒྱུན་མི་འཆད་པའི་ངོ་མཚར་འཕྲུལ་གྱི་ཕྱི་མོ་རྫོགས་ལྡན་བསྐལ་བའི་བསོད་ནམས་ཀྱི་སྤྲིན་ཕུང་རྒྱས་པར་དཀྲིགས་པའི་ཚུལ་ལས་བརྩམས་པའི་གཏམ་ངོ་མཚར་ཆུ་གཏེར་འཕེལ་བའི་ཟླ་བ་གསར་པ་ཞེས་བྱ་བ། བསྟན་པ་གང་ལས་བྱུང་བ། བསྟན་སྐྱོང་རྣམས་ཀྱིས་བྱ་བ་བྱས་པ། དམ་པའི་ཆོས་ཀྱི་རྣམ་པར་གཞག་པ། བསྟན་བཅོས་ཀུན་གྱི་རྣམ་པར་གཞག་པ། པར་དུ་སྒྲུབ་པར་སྐུལ་བ། ཇི་ལྟར་པར་དུ་སྒྲུབ་པ། ཆོས་ཀྱི་བཞུགས་བྱང་སྨོས་པ། དགེ་བ་བྱང་ཆུབ་ཏུ་བསྔོ་བ་བཅས་རབ་བྱེད་བརྒྱད་ཀྱི་བདག་ཉིད་ཅན།

{{#arraymap:སྡེ་དགེའི་བསྟན་འགྱུར་དཀར་ཆག་

|; |@@@ | | }}