98965

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡེ་དྲུག་བློ་བཟང་མཁྱེན་རབ་དབང་ཕྱུག་ (1)
Part of speech མིང་ཚིག
Definition རྒྱལ་རོང་དུ་འཁྲུངས། འཁྲུངས་ལོ་མི་གསལ། གཞོན་དུས་ནས་དབུས་ཀྱི་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས། གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་མཛད། ལྷ་རམས་པའི་མིང་བཏགས་བཞེས། རྒྱུད་གྲྭར་ཞུགས་ཏེ་གསང་ཆེན་རྒྱུད་སྡེ་བཞི་ལ་སྦྱངས། སྔགས་རམ་པའི་མིང་བཏགས་བཞེས། ལས་སྣེ་ཐམས་ཅད་ལེགས་པར་གྲུབ། རབ་བྱུང་བཅུ་བཞི་པའི་ཤིང་ཡོས་ཕྱི་ལོ་ ༡༨༥༥ ལོར་དགའ་ལྡན་གསེར་ཁྲིར་ཕེབས། ལོ་ངོ་བདུན་རིང་ཆོས་འཁོར་བསྐོར། ཁྲི་ཟུར་རྗེས་རྒྱལ་བ་འཕྲིན་ལས་རྒྱ་མཚོའི་ཡོངས་འཛིན་གྱི་ཐུགས་འགན་བཞེས། རབ་བྱུང་བཅུ་བཞི་པའི་ཤིང་བྱི་ཕྱི་ལོ་ ༡༨༦༤ ལོར་བཀའ་ཤག་སྲིད་གཞུང་གི་སྲིད་སྐྱོང་རྒྱལ་ཚབ་ཀྱི་ཁྲིར་བཞུགས་། ཆབ་སྲིད་ལོ་ངོ་བཅུའི་རིང་བསྐྱངས། དགའ་ལྡན་མཁན་པོ་དཔལ་ལྡན་དོན་གྲུབ་དང་། བཀའ་བློན་བཤད་སྒྲ་ཚེ་རིང་དབང་ཕྱུག་སོགས་ཀྱིས་རྒྱལ་བ་འཕྲིན་ལས་རྒྱ་མཚོ་གསེར་ཁྲི་ལས་ཕབ་སྟེ། རི་ཁྲོད་དུ་གཏོང་རྩིས་བྱེད་པར་མཁན་པོ་དང་བཀའ་བློན་གཉིས་ཀྱི་གཙོས་རྗེས་འབྲངས་ཀུན་ཁྲིམས་ལ་སྦྱར། རབ་བྱུང་བཅོ་ལྔ་པའི་ཆུ་སྤྲེལ་ཕྱི་ལོ་ ༡༨༧༢ ལོར་ལྷ་སར་སྐུ་གཤེགས། མཚན་གཞན། ཡོངས་འཛིན་བློ་བཟང་མཁྱེན་རབ་དབང་ཕྱུག། དགའ་ལྡན་གསེར་ཁྲིའི་ཁྲི་རབས་དོན་དྲུག་པ་ཡིན།

{{#arraymap:སྡེ་དྲུག་བློ་བཟང་མཁྱེན་རབ་དབང་ཕྱུག་

|; |@@@ | | }}