From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྡེ་པ་བཞི་ (1)
| Part of speech
|
མིང་ཚིག
|
| Definition
|
ཀྱེ་རྡོ་རྗེ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ལས་བྱུང་བ་སྟེ། གནས་བརྟན་པ། ཐམས་ཅད་ཡོད་པར་སྨྲ་བ། ཀུན་གྱིས་བཀུར་བ། དགེ་འདུན་ཕལ་ཆེན་ནོ། །
|
| Domain
|
ཆོས་ལུགས།
|
སྡེ་པ་བཞི་ (2)
| Part of speech
|
མིང་ཚིག
|
| Definition
|
དགེ་སློང་གི་དང་པོའི་ལོ་དྲི་བ་ལས་བྱུང་བ་སྟེ། འཕགས་པ་ཡོད་པར་སྨྲ་བའི་སྡེ། འཕགས་པ་དགེ་འདུན་ཕལ་ཆེན་གྱི་སྡེ། འཕགས་པ་མང་པོས་བཀུར་བའི་སྡེ། འཕགས་པ་གནས་བརྟན་པའི་སྡེའོ། །
|
སྡེ་པ་བཞི་ (3)
| Part of speech
|
མིང་ཚིག
|
| Definition
|
ཐེག་པ་ཐམས་ཅད་སྣང་བར་བྱེད་པའི་བྱེ་བྲག་ཏུ་བཤད་པ་ལས་བྱུང་བ་སྡེ་པ་བཅོ་བརྒྱད་ལས་གྱེས་པ་སྟེ། དགེ་འདུན་ཕལ་ཆེན་པ། ཐམས་ཅད་ཡོད་པར་སྨྲ་བ། གནས་བརྟན་པ། ལེགས་དཔོན་པའི་སྡེའོ། །
|