98973
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ནང་པ་སངས་རྒྱས་པའི་གྲུབ་མཐའ་ལ་རྩ་བའི་སྡེ་བཞི་ལས་གྱེས་པ་བཅོ་བརྒྱད་དེ། སློབ་དཔོན་དུལ་བ་ལྷས། ཤར་ནུབ་རི་དང་གངས་རིར་གནས། །འཇིག་རྟེན་འདས་པར་སྨྲ་བ་དང་། །བཏགས་པར་སྨྲ་བའི་སྡེ་རྣམས་ནི། །ལྔ་ཚན་དགེ་འདུན་ཕལ་པའི་སྡེ། །ཞེས་པ་ལྟར་ཕལ་ཆེན་པ་ལས་གྱེས་པ་ལྔ་དང་། གཞི་ཀུན་ཡོད་དང་འོད་སྲུང་སྡེ། །ས་སྟོན་སྡེ་དང་ཆོས་སྲུང་སྡེ། །མང་ཐོས་གོས་དམར་སློབ་མར་བཅས། །ཕྱེ་སྟེ་སྨྲ་བའི་སྡེ་རྣམས་ནི། །གཞི་ཀུན་ཡོད་པར་སྨྲ་བ་ཡིན། །ཞེས་པ་ལྟར་གཞི་ཐམས་ཅད་ཡོད་པར་སྨྲ་བ་ལས་གྱེས་པ་བདུན་དང་། རྒྱལ་བྱེད་ཚལ་གནས་འཇིགས་བྱེད་གནས། །གཙུག་ལག་ཁང་གནས་གནས་བསྟན་པ། །ཞེས་གནས་བསྟན་པ་ལས་གྱེས་པ་གསུམ་དང་། ས་སྒྲོག་རི་དང་སྲུང་བ་པ། །གནས་མ་བུ་བའི་སྡེ་རྣམས་ནི། །མང་ཐོས་བཀུར་བའི་སྡེ་བ་ཡིན། །ཞེས་མང་བཀུར་བ་ལས་གྱེས་པ་གསུམ་སྟེ་བསྡོམས་པས་བཅོ་བརྒྱད་དོ། ། |
Domain | ཆོས་ལུགས། |
{{#arraymap:སྡེ་བ་བཅོ་བརྒྱད་
|; |@@@ | | }}