98974

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡེ་བ་སྐུ་ཕྲེང་གཉིས་པ་འཇིགས་མེད་ལུང་རིགས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition དམ་པ་འདི་ཉིད་རབ་བྱུང་བཅུ་གསུམ་པའི་ས་འབྲུག་ཕྱི་ལོ་ ༡༧༤༨ ལོར། མདོ་སྨད་རེབ་གོང་ཚོ་བཞིའི་ཡི་ངོགས་སུ་འཁྲུངས། བླ་བྲང་བཀྲ་ཤིས་འཁྱིལ་དང་དབུས་ཀྱི་གདན་ས་འབྲས་སྤུངས་སྒོ་མང་དུ་གཞུང་ཆེན་བཀའ་པོད་ལྔར་ཐུགས་གཉེར་གྱིས་ལྷ་ས་སྨོན་ལམ་གྱི་གྲྭ་སྐོར་གཟེངས་སུ་མཐོ་བར་མཛད། ལྕང་སྐྱས་ཨེརྟི་ནི་མེརྒན་ཤི་རེ་ཐུ་མཁན་པོའི་ཆོ་ལོ་དང་པཎ་ཆེན་རིན་པོ་ཆེས་འཇམ་དཔལ་ནོ་མོན་ཧན། རྒྱལ་དབང་མཆོག་གིས་ཨེརྟི་ནིི་བཀའ་ཤོག་ཐམ་ཀ་རྟ་དར། འབོག་ལྕག་བཅས་གནང་སྟེ་ཡུལ་མདོ་སྨད་དུ་ཕེབས་ནས་བཀྲ་ཤིས་འཁྱིལ་གྱི་ཁྲི་རབས་བཅུ་དྲུག་པ་གནང། དགུང་ལོ་སོ་གཉིས་པར་སྐུ་གཤེགས།

{{#arraymap:སྡེ་བ་སྐུ་ཕྲེང་གཉིས་པ་འཇིགས་མེད་ལུང་རིགས་རྒྱ་མཚོ་

|; |@@@ | | }}