98980
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དམ་པ་འདི་ཉིད་རབ་རྒྱལ་ཤིང་སྤྲེལ་ཕྱི་ལོ་ ༡༩༤༤ ལོར་མདོ་སྨད་མཛོད་དགེ་ཤོག་བཅུ་གཉིས་ཀྱི་ནང་ཚན་བྱམས་མེའི་དཔོན་སྐོར་དུ་ཡབ་བསམ་གཏན་དང་ཡུམ་བསོད་ནམས་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་དྲུག་པར་བླ་བྲང་དགོན་དུ་གསེར་ཁྲིར་མངའ་གསོལ། དེ་གར་གཞུང་ཆེན་ཁག་ལ་སློབ་གཉེར་གནང། ཕྱི་ལོ་༡༩༥༩ལོར་རྒྱ་དམར་གྱི་དུས་འགྱུར་ཡ་ང་བ་བྱུང་བས། བསང་ཁོག་སོགས་ཀྱིས་གནས་སུ་ངལ་རྩོལ་གྱི་ལས་ལ་ཞུགས་ཏེ་སྐུ་ངལ་ཚད་མེད་མྱང། ཕྱིས་སུ་བསང་ཆུ་རྫོང་སོགས་སུ་ཕྱག་ལས་མཛད་ཅིང། ད་ལྟ་བསླབ་གསུམ་ཡོངས་སུ་དག་པའི་རྣམ་ཐར་བདག་གིར་མཛད་ཅིང་བསྟན་པ་དང་འགྲོ་དོན་རྒྱ་ཆེར་མཛད་པའི་མུར་འཚོ་ཞིང་གཞེས་སོ། ། |
{{#arraymap:སྡེ་བ་སྐུ་ཕྲེང་བརྒྱད་པ་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་
|; |@@@ | | }}