98998

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡེ་ཚན་ལྔ་ (1)
Part of speech མིང་ཚིག
Definition ཕོ་དང་། མ་ནིང་དང་། མོ་དང་། ཤིན་ཏུ་མོ་དང་། མོ་གཤམ་བཅས་ཡིན་ལ། གསལ་བྱེད་སུམ་ཅུའི་ནང་ནས་ཀ་ཅ་ཏ་པ་ཙ་ལྔ་ཕོ་དང་། ཁ་ཆ་ཐ་ཕ་ཚ་ལྔ་ནི་མ་ནིང་དང་། ག་ཇ་ད་བ་ཛ་ཝ་ཞ་ཟ་འ་ཡ་ཤ་ས་བཅས་བཅུ་གཉིས་ནི་མོ་དང་། ང་ཉ་ན་མ་བཞི་ནི་ཤིན་ཏུ་མོ་དང་། ར་ལ་ཧ་ཨ་བཞི་ནི་མོ་གཤམ་གྱི་ཡི་གེ་ཡིན། ཡང་། མིང་གཞིའི་ཡི་གེ་དེ་རྣམས་ཕོ་ལ་སོགས་པར་བཞག་པའི་རྒྱུ་མཚན་ནི། ཡི་གེ་དེ་རྣམས་སོ་སོར་ངག་ནས་བརྗོད་པའི་ཚེ་སོ་སོའི་སྐྱེ་གནས་མགྲིན་པ། སོ། མཆུ། རྐན་སོགས་ལ་བྱེད་རྩོལ་གྱི་ཤུགས་ཆེ་ཆུང་ངམ་གྲིམས་ལྷོད་ཀྱི་དབང་གིས་ཤུགས་ཆེ་བའམ་གྲིམས་པ་རྣམས་ཕོ་ཡིག་དང་། རན་པ་རྣམས་མ་ནིང་དང་། ཅུང་ཟད་ཆུང་བའམ་ལྷོད་པ་རྣམས་མོ་དང་། དེ་ལས་ཀྱང་ཆུང་བའམ་ལྷོད་པ་རྣམས་ཤིན་ཏུ་མོ་དང་། ཤིན་ཏུ་རྩོལ་བ་ལྷོད་ཅིང་ཞན་པ་རྣམས་མོ་གཤམ་དུ་བཞག་པ་ཡིན།
Domain སྒྲ་རིག་པ།

{{#arraymap:སྡེ་ཚན་ལྔ་

|; |@@@ | | }}