From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྡེ་སྣོད་ (1)
| Part of speech
|
མིང་ཚིག
|
| Definition
|
བྲེའོ་ཆེ་ལ་འཇུག་པ་སྟེ། དཔེར་ན་བྲེའོ་ཆེ་ལ་བྲེའུ་ཆུང་མང་པོ་འདུས་པ་ལྟ་བུ། མང་པོ་འདུས་པའི་སྣོད་དོ།
|
སྡེ་སྣོད་ (2)
| Part of speech
|
མིང་ཚིག
|
| Definition
|
སྡེ་སྣོད་གསུམ་སྟེ། འདུལ་བའི་སྡེ་སྣོད། མངོན་པའི་སྡེ་སྣོད། མདོ་སྡེའི་སྡེ་སྣོད་བཅས་གསུམ་མོ། །འདུལ་བའི་སྡེ་སྣོད་ནི། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་བརྗོད་བྱ་གཙོ་བོར་བསྟན་པའི་གཞུང་དག མངོན་པའི་སྡེ་སྣོད་ནི། ལྷག་པ་ཤེས་རབ་ཀྱི་བསླབ་པའི་བརྗོད་བྱ་གཙོ་བོར་བསྟན་པའི་གཞུང་དང༌། མདོ་སྡེའི་སྡེ་སྣོད་ནི། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པའི་བརྗོད་བྱ་གཙོ་བོར་སྟོན་པའི་གཞུང་ཡིན་ནོ། །དེ་ལྟར་སྡེ་སྣོད་གསུམ་ནི་བསླབ་པ་གསུམ་གྱི་ཁོངས་སུ་བསྡུའོ། །
|
| Domain
|
ཆོས་ལུགས།
|