99023

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡེ་སྣོད་མང་དུ་ཐོས་པའི་ཆེ་བ་ (1)
Part of speech མིང་ཚིག
Definition ས་སྐྱ། འདུལ་བ་དང་ནི་མངོན་པ་དང། །ཕ་རོལ་ཕྱིན་པའང་ཕལ་ཆེར་ཐོས། །གསང་སྔགས་རྒྱུད་སྡེ་བཞི་པོ་ཡང། །ཉན་བཤད་ཡོད་པ་ཕལ་ཆེར་ཐོས། །ཐོས་པ་དེ་དག་ཐམས་ཅད་ཀྱང། །མིང་རྐྱང་ཙམ་དུ་མ་བཞག་གོ ། ཞེས་ས་པཎ་གྱི་རང་ཉིད་ཀྱི་སྡོམ་གསུམ་རབ་དབྱེ་ལས་འབྱུང་བ་ལྟར། འཇམ་མགོན་ས་པཎ་གྱི་ཐུན་མོང་མ་ཡིན་པའི་སྡེ་སྣོད་མང་དུ་ཐོས་པའི་ཆེ་བ་ནི། ཁ་ཆེ་པཎ་ཆེན་ལས། འདུལ་བ་ལུང་དང། སོ་སོ་ཐར་པ་དང། མདོ་རྩ་དང། འོད་ལྡན་དང། མེ་ཏོག་ཕྲེང་རྒྱུད་དང། མངོན་པ་མཛོད་དང། ཐེག་བསྡུས། རྣམ་བཤད་རིགས་པ། ཉི་ཤུ་པ། སུམ་ཅུ་པ། ཕུང་པོ་ལྔའི་རབ་བྱེད། མངོན་རྟོགས་རྒྱན་རྩ་འགྲེལ། ཤེར་ཕྱིན་བདུན་བརྒྱ་པ། བརྒྱད་སྟོང་དོན་བསྡུས་རྣམས་གསན་ཅིང། ཞུ་དོན་ལས། མངོན་རྟོགས་རྒྱན་མ་གཏོགས་པའི་བྱམས་ཆོས་རྩ་འགྲེལ། བསླབ་པ་ཀུན་ལས་བཏུས་པའི་འགྲེལ་བཤད། དབུ་མ་བདེན་གཉིས་ཆེ་བ། དབུ་མ་རྒྱན། རིགས་ཚོགས་རྣམས་གསན་ནོ། །དེ་དག་ཐོས་པའི་ཚུལ་རྣམ་ཐར་དུ་བཤད་ཟིན་ཅིང། ཐོས་པ་དེེ་དག་མིང་རྐྱང་ཙམ་མ་ཡིན་པར། བསམ་བྱུང་གི་རིགས་པས་དཔྱད་པས་དོན་གྱི་གནད་ཇི་ལྟ་བ་བཞིན་རྟོགས་པ་ཡིན་ཏེ། ཆོས་རྗེ་ཉིད་ཀྱི་ཞལ་ནས། སྦྲང་རྩི་འཛིན་པ་སྦྲང་རྩིའི་བརྟུལ་ཞུགས་ཅན། །སྦྲང་བུ་མིན་པས་སྦྲང་རྩིའི་བཅུད་མ་རྙེད། །སྡེ་སྣོད་འཛིན་པ་ཀུན་དགའ་རྒྱལ་མཚན་དཔལ། །བཟང་པོ་མིན་པས་ཤེས་བྱའི་བཅུད་མ་རྙེད། །ཅེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས་གསུངས་པ་ལྟར་རོ། །
Domain ལོ་རྒྱུས།

{{#arraymap:སྡེ་སྣོད་མང་དུ་ཐོས་པའི་ཆེ་བ་

|; |@@@ | | }}