99028
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མང་སྡེ་ཡུལ་གླིང་དུ་རྗེ་བསྟན་པའི་ཉི་མའི་ཟུར་སྲས་སུ། རབ་བྱུང་བཅུ་པའི་མེ་ལུག་ ༡༦༠༧ ལོར་འཁྲུངས། གཞོན་ནུ་ནས་གདན་ས་ར་ལུང་དུ་བྱོན། ཡབ་སྲས་གཉིས་ལ་དབང་ཆོས་རྫོགས་པར་གསན། བཅུ་ཕྲག་རིག་པའི་གནས་མཐའ་དག་ལ་མཁས་པར་སྦྱངས། སྐྱབས་མགོན་ཞབས་དྲུང་རིན་པོ་ཆེ་གཤེགས་པའི་བར་སྲི་ཞུ་གཡེལ་མེད་དུ་མཛད། དེ་ནས་སྡེ་སྲིད་དབུ་མཛད་ཆེན་མོས་བླ་མའི་དགོངས་གཏད་བཞིན་གདན་ས་རིན་ཆེན་སྤུངས་པའི་སྤྱི་བླ་ཐོག་མའི་གོ་སར་བསྐོས། དགུང་གྲངས་ལྔ་བཅུ་པར་སྡེ་ཁྲིར་བྱོན། ལྗོངས་འདིར་རིག་གནས་དང་བཟོ་གྲྭ་ཕལ་ཆེར་འདིའི་སྐབས་སུ་བཙུགས། བོད་གངས་ཅན་པའི་འཚོ་བྱེད་སྨན་པ་ཡོངས་ལའང་སྨན་འགྱེད་ལན་གཉིས་སུ་བསྩལ། བླ་མའི་དགོངས་རྫོགས་སུ་དངུལ་འབུམ་མཆོད་རྟེན་དང༌། ཙནྡན་མཆོད་རྟེན། བཀའ་འགྱུར་གསེར་མ་སོགས་བཞེངས། སྤུངས་ཐང་ཀུན་ར་གསར་འདེབས་མཛད་པ་དང༌། ལྷག་པར་དགེ་འདུན་པའི་སྡེར་བརྟག་གཉིས་སྡོམ་གསུམ་སོགས་ཚོགས་རྒྱུགས་འབུལ་དུ་བཅུག་སྟེ། གནང་སྦྱིན་བསྩལ་བའི་སྲོལ་བཙུགས། ས་སྐྱ་འབྲས་ཡུལ་སྐྱེད་ཚལ་བའི་ལུགས་འཛིན་ཀུན་དགའ་ནོར་བཟང་གདན་དྲངས་ནས་ཚད་མའི་གཞུང་བཤད་བཙུགས་པ་སོགས་ཆོས་ཕྱོགས་སུ་བསྟན་པའི་དམིགས་རྐྱེན་མཆོག་ཏུ་དགེ་བར་མཛད། དེ་ལྟར་སྡེ་ཁྲི་ལོ་ངོ་བཅུ་གཅིག་གི་བར་བསྐྱངས་པའི་མཐར། རེ་གཅིག་པ་མེ་ལུག་ ༡༦༦༧ ལོར་གཤེགས་སོ། ། འདི་ནས་བཟུང་ལྷོ་འབྲུག་གི་སྡེ་སྲིད་ན་རིམ་དང་ཆོས་རྒྱལ་བརྒྱུད་འཛིན་རྣམས་བྱུང་བ་ལས། བརྒྱུད་འཛིན་རྒྱལ་པོའི་དང་པོ་མི་དབང་ཨོ་རྒྱན་དབང་ཕྱུག གཉིས་པ་འཇིགས་མེད་དབང་ཕྱུག གསུམ་པ་འཇིགས་མེད་རྡོ་རྗེ་དབང་ཕྱུག བཞི་པ་འཇིགས་མེད་སེངྒེ་དབང་ཕྱུག ལྔ་པ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་ནི་ད་ལྟར་རྒྱལ་སྲིད་ཆོས་བཞིན་སྐྱོང་བཞིན་པའོ། ། |
{{#arraymap:སྡེ་སྲིད་གཉིས་པ་ཆོས་རྗེ་བསྟན་འཛིན་འབྲུག་སྒྲ་
|; |@@@ | | }}