99031

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡེ་སྲིད་སངས་རྒྱས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཅིག་པའི་ཆུ་སྦྲུལ་ཕྱི་ལོ ༡༦༥༣ ལོར་ལྷ་སའི་བྱང་རྒྱུད་ཉེ་ཀོར་ཉང་བྲན་གྲོང་སྨད་པར་ཡབ་ཨ་སུག་དང་། ཡུམ་བུ་ཁྲིད་རྒྱལ་མོ་གཉིས་ཀྱི་སྲས་སུ་འཁྲུངས། བྱིས་དུས་ཀྱི་མཚན་ལ་དཀོན་མཆོག་དོན་གྲུབ་ཅེས་གསོལ། བརྒྱད་པར་རྒྱལ་བ་བློ་བཟང་རྒྱ་མཚོ་ལས་དགེ་བསྙེན་བསྒྲུབས། མཚན་ལ་སངས་རྒྱས་རྒྱ་མཚོ་ཞེས་གསོལ། རིག་བཅུའི་གནས་ལ་ལེགས་པར་སྦྱངས། རྒྱལ་དབང་ལྔ་པ་ཐུགས་དགྱེས། ཉེར་དྲུག་པར་ཆོས་སྲིད་ཡོངས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར། ཉེར་དགུ་བར་རྒྱལ་དབང་ལྔ་པ་ལས་གསང་སྔགས་ཀྱི་དཀྱིལ་འཁོར་ཕྱི་ནང་གཉིས་དང་། གསང་བ་ཡོངས་ཀྱི་གཞུང་ལུགས་ཀུན་གྱི་གདམས་པ་མང་པོ་ཐུགས་སུ་ཆུད། སོ་བདུན་ནས་པོ་ཏ་ལའི་ཕོ་བྲང་དམར་པོ་འཛུགས་སྐྲུན་ཀྱི་འགོ་བརྩམས། ། གསེར་སྡོང་འཛམ་གླིིང་རྒྱན་གཅིག་གསང་བའི་སྒོ་ནས་བཞེངས། ཞེ་བཞི་བར་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་གསེར་ཁྲི་མངའ་གསོལ་མཛད། ཕོ་བྲང་དམར་པོ་ལེགས་སུ་གྲུབ། ལྷ་སའི་ལྕགས་པོ་རིར་སྨན་རྩིས་སློབ་གྲྭ་གསར་དུ་བཙུགས། རྒྱལ་དབང་ལྔ་པའི་དགོངས་རྫོགས་སུ་ལོ་ལྟར་བོད་ཟླ་གཉིས་པར་གདན་གསུམ་གྱི་དགེ་འདུན་རྣམས་ཉིན་བཅུའི་རིང་ཚོགས་མཆོད་སྨོན་ལམ་ཆེ་མོ་གསར་འཛུགས་མཛད། དགའ་ལྡན་ཕོ་བྲང་གི་སྲིད་དོན་ལོ་ངོ་ཉེར་དྲུག་རིང་འགན་ཁུར་བཞེས། རབ་བྱུང་བཅུ་གཉིས་པའི་ཤིང་བྱ་ཕྱི་ལོ ༡༧༠༥ ལོར་སྟོད་ལུང་སྣང་རྩེར་ལྷ་བཟང་དམག་གི་མགུལ་བཅད་དེ་བཀྲོངས། གསུམ་རྩོམ་ནི་བོད་ཀྱི་ལོ་རྒྱུས་དང་། གསོ་རིག རྩིས་རིག སྒྲ་རིག སྙན་ངག་ཁྲིམས་ཡིག་རྣམ་ཐར། དཀར་ཆག་བཅས་ཁྱོན་བསྡོམས་པོ་ཏི་ཉི་ཤུ་རྩ་དྲུག་ཙམ་ཡོད། མཚན་གཞན། གྲོང་སྨད་པ་སངས་རྒྱས་རྒྱ་མཚོ།

{{#arraymap:སྡེ་སྲིད་སངས་རྒྱས་རྒྱ་མཚོ་

|; |@@@ | | }}