9910

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟུགས་མེད་བསྒྲིབས་ལུང་མ་བསྟན་གྱི་མཇུག་ཐོགས་སུ་འབྱུང་བའི་སེམས་བདུན་ (1)
Part of speech མིང་ཚིག
Definition མདོ། མངོན་པ། གཟུགས་མེད་ཁམས་སུ་སྤྱོད་པའི་བསྒྲིབས་ལ་ལུང་དུ་མ་བསྟན་པའི་སེམས་ཀྱི་མཇུག་ཐོགས་སུ་འབྱུང་བའི་སེམས་རྣམས་ཏེ། གཟུགས་མེད་པ་ན་སྤྱོད་པའི་བསྒྲིབས་པ་ལས་ནི་རང་གི་ས་པ་གསུམ་དང་། གཟུགས་ན་སྤྱོད་པའི་དགེ་བ་དང་། བསྒྲིབས་པ་དང་། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་གཉིས་སོ། །དེ་ཡང་རྒྱུན་དང་ས་མཚུངས་པ་ན་རང་གི་ས་པ་གསུམ་དང་། ཉིང་མཚམས་སྦྱོར་བ་ན་གཟུགས་ཀྱི་བསྒྲིབས་པ་དང་། འདོད་པའི་ཉོན་མོངས་ཅན་གཉིས་དང་། སྙོམས་འཇུག་ཉོན་མོངས་ཅན་གྱིས་གཟིར་བ་ན་གཟུགས་ཀྱི་དགེ་བ་སྦྱོར་བྱུང་ཁོ་ན་འབྱུང་བ་རྣམས་སོ། །
Domain ཆོས་ལུགས།