99130

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡོམ་ (1)
Part of speech བྱ་ཚིག
Definition ཐག་པ་སོགས་ཀྱིས་དམ་པོར་བཅིང་པའི་དོན།
Keyword True
Transitive བྱ་བྱེད་ཐ་དད་པ།
Future [བསྡམ།, དབྱུག་པ་རྣམས་ཐག་པས་བསྡམ་རྒྱུ་རེད།]
Present [སྡོམ།, སྡོམ་བྱེད་ཀྱི་ཞགས་པ།]
Past [བསྡམས།, རྐང་ལག་བསྡམས་ནས་འགུལ་བསྐྱོད་མ་ཐུབ།]
Imperative [སྡོམས།, རྟ་རྒོད་ཀྱི་རྐང་ལག་སྒྲོག་གིས་སྡོམས་ཤིག་ལྟ་བུ།]

{{#arraymap:སྡོམ་

|; |@@@ | | }}

སྡོམ་ (2)
Part of speech བྱ་ཚིག
Definition མང་པོ་མཉམ་གཅིག་ཏུ་བསྲེས་པའི་དོན།
Keyword True
Future [བསྡམ།, འཐོར་བ་རྣམས་ཕྱོགས་གཅིག་ཏུ་བསྡམ་དགོས།]
Present [སྡོམ།, གཅིག་ཏུ་སྡོམ་བྱེད་ཀྱི་ཐབས་འཕྲུལ།]
Past [བསྡམས།, བསྟན་བཅོས་འཐོར་བ་བསྡམས་ནས་གཅིག་ཏུ་བཟོས།]
Imperative [སྡོམས།, གཞུང་འཐོར་བ་སྡོམས་ཤིག་ལྟ་བུ།]

{{#arraymap:སྡོམ་

|; |@@@ | | }}

སྡོམ་ (3)
Part of speech བྱ་ཚིག
Definition ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་ལ་ཚད་འཛིན་བྱས་པའི་དོན།
Future [བསྡམ།, བསྡམ་བྱའི་ཉོན་མོངས་པ།]
Present [སྡོམ།, སྤྱོད་ངན་སྡོམ་བྱེད་ཀྱི་བསླབ་བྱ།]
Past [བསྡམས།, རང་རྒྱུད་ལེགས་པར་བསྡམས་པས་ཉམས་རྟོགས་སྐྱེས།]
Imperative [སྡོམས།, ལུས་ངག་གི་སྤྱོད་ངན་སྡོམ་དང་ཡིད་རིམ་གྱིས་དགེ་བར་འགྱུར་ལྟ་བུ།]

{{#arraymap:སྡོམ་

|; |@@@ | | }}

སྡོམ་ (4)
Part of speech བྱ་ཚིག
Definition ཟ་མཚམས་བཤད་མཚམས་བཟུང་པའི་དོན།
Keyword True
Future [བསྡམ།, ཁ་བསྡམ་ན་འགྱོད་མི་ཡོང་།]
Present [སྡོམ།, མི་གཅིག་གི་ཁ་སྡོམ་ཐབས་ཡོད་ཀྱང་རྒྱ་སྡེའི་ཁ་ཇི་ལྟར་སྡོམ།]
Past [བསྡམས།, རྟ་རྒན་ཁ་བསྡམས་འདུག]
Imperative [སྡོམས།, ཚོགས་འདུས་ནང་གང་བྱུང་ཤོད་ས་མེད་པས་ཁ་སྡོམས་ཤིག་ལྟ་བུ།]

{{#arraymap:སྡོམ་

|; |@@@ | | }}

སྡོམ་ (5)
Part of speech བྱ་ཚིག
Definition གྲངས་ཀ་མང་པོ་གཅིག་ཏུ་དྲིལ་བ།
Keyword True
Future [བསྡོམ།, བརྒྱའི་སྟེང་ལ་ལྔ་བཅུ་བསྡོམ་ན།]
Present [སྡོམ།, སྔ་ཕྱིའི་གྲངས་འབོར་སྡོམ་བྱེད་ཀྱི་རྩིས།]
Past [བསྡོམས།, ཡོང་སྒོ་ཆ་ཚང་གཅིག་ཏུ་བསྡོམས་པ་ཡིན།]
Imperative [སྡོམས།, ཡོང་སྒོ་རྣམས་སྡོམས་དང་ལྟ་བུ།]

{{#arraymap:སྡོམ་

|; |@@@ | | }}

སྡོམ་ (1)
Part of speech མིང་ཚིག
Definition མི་བརྗེད་པ་དང་བློ་ལ་ངེས་ཕྱིར་ཚིག་ཚོགས་བསྐྱུངས་ཏེ་ཉུང་ངུར་བསྡེབས་པ།
Example མཁས་པའི་སྡོམ་བློ་ལ་བཟུང་ལྟ་བུ།

{{#arraymap:སྡོམ་

|; |@@@ | | }}

སྡོམ་ (2)
Part of speech མིང་ཚིག
Definition ཚིག་སྣ་ཕྱུང་ནས་བླངས་པའི་དོན་ཏེ། སྡོམ་གྱི་སྐད་དོད་ཨུད་དཱ་ན་ཞེས་པའི་ཨུ་ད་དྷི་ཏ་ཕྱུང་བ། ཨ་དཱ་ན་བླངས་པ་སྟེ། འོག་གི་དོན་ཚན་རེ་རེའི་ཚིག་གི་སྣ་ཕྱུང་སྟེ་བླངས་པས་ན་སྡོམ་ཟེར།

{{#arraymap:སྡོམ་

|; |@@@ | | }}

སྡོམ་ (3)
Part of speech མིང་ཚིག
Definition དོན་རྒྱས་པ་ལས་བཏུས་པའི་དོན་ཏེ། ཨུཙྪ་ཡ་བཏུས་པ། དཱ་ན་སྦྱིན་པ་སྟེ། དོན་རྒྱས་པ་ལས་བཏུས་ཏེ་གདུལ་བྱ་ལ་སྦྱིན་པས་ན་སྡོམ། ཞེས་གསུངས་སོ། །

{{#arraymap:སྡོམ་

|; |@@@ | | }}

སྡོམ་ (4)
Part of speech མིང་ཚིག
Definition འབུ་སྲིན་ཆུང་གྲས་རྐང་ལག་བརྒྱད་ལྡན་ཁ་ཆུས་དར་སྐུད་ལྟ་བུའི་སྐུད་པ་ཕྲ་མོ་བྲན་མཁན་ཞིག
Example ཁང་པའི་ནང་དུ་སྡོམ་གྱིས་སྡོམ་ཐག་འཐེན་ལྟ་བུ།

{{#arraymap:སྡོམ་

|; |@@@ | | }}