99135
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མཚན་རྒྱས་པ། སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་ཁ་སྐོང་གཞི་ལམ་འབྲས་གསུམ་གསལ་བར་བྱེད་པའི་ལེགས་བཤད་འོད་ཀྱི་སྣང་བ་ཞེས་བྱ་བ། འདི་ནི་ཆོས་རྗེ་ས་སྐྱ་པཎ་ཆེན་གྱིས་མཛད་པའི་སྡོམ་གསུམ་རབ་དབྱེའི་སྐབས་སོ་སོའི་ཁ་སྐོང་བར་བྱེད་པའི་བསྟན་བཅོས་ཤིག་སྟེ། བརྗོད་བྱ་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གསལ་བར་བྱེད་ཅིང་། ཆོས་དང་ཆོས་མ་ཡིན་པ་རྣམ་པར་ཕྱེས་ཏེ། བསྟན་པ་རྣམ་པར་དག་པའི་འཕྲོ་མཐུད་པའམ། ཁ་བསྐངས་པས་ན་ཁ་སྐོང་སྟེ། བརྗོད་བྱ་མ་ཚང་བ་ཁ་སྐོང་བའམ། རྩོམ་འཕྲོ་ཁ་སྐོང་བ་ལྟ་བུ་ལ་འཁྲུལ་བར་མི་བྱའོ། །ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེངྒེས་ཆོས་རྗེ་ས་སྐྱ་པཎྜི་ཏ་ཆོས་ཀྱི་དབྱིངས་སུ་བཞུགས་ནས་ལོ་ཉིས་བརྒྱ་དང་ཉི་ཤུ་རྩ་ལྔ་འདས་པ་རབ་བྱུང་བརྒྱད་པའི་ས་ཕོ་ཁྱིའི་ལོ་ཕྱི་ལོ་༡༤༦༨ལ་རྟ་ནག་རིན་ཆེན་རྩེ་ཐུབ་བསྟན་རྣམ་པར་རྒྱལ་བའི་དགོན་པར་མཛད་པའོ། ། |
{{#arraymap:སྡོམ་གསུམ་ཁ་སྐོང་
|; |@@@ | | }}