99136
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མཚན་རྒྱས་པ། སྡོམ་གསུམ་ཁ་སྐོང་གི་རྣམ་བཤད་ལེགས་པར་བཤད་པ་རྒྱན་གྱི་མེ་ཏོག་ཅེས་བྱ་བ། འདི་ནི་ཀུན་མཁྱེན་གོ་རམས་པས་མཛད་པའི་སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་ཁ་སྐོང་གཞི་ལམ་འབྲས་གསུམ་གསལ་བར་བྱེད་པའི་ལེགས་བཤད་འོད་ཀྱི་སྣང་བའི་འགྲེལ་བ་སྟེ། རྩོམ་པ་ལ་འཇུག་པ་ཀླད་ཀྱི་དོན་དང་། བརྩམ་པར་བྱ་བ་གཞུང་གི་དོན། རྩོམ་པ་མཐར་ཕྱིན་པ་མཇུག་གི་དོན་ཏེ་རྩ་བའི་ས་བཅད་གསུམ་གྱི་སྒོ་ནས། གཞུང་གི་སྐབས་སོ་སོའི་དོན་རྣམས་གསལ་བྱེད་པའི་བསྟན་བཅོས་ཤིག་གི་མཚན་ཡིན། འགྲེལ་བ་འདི་ནི་ཀུན་མཁྱེན་གོ་རམས་པས་མཛད་པའི་མདོ་སྔགས་ཀྱི་བསྟན་བཅོས་ཆེན་པོ་རྣམས་དང་། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་མཛད་པའི་སྡོམ་གསུམ་ཁ་སྐོང་གི་རྣམ་བཤད། ཡོངས་འཛིན་དབང་ཕྱུག་དཔལ་བཟང་གི་གསུང་སྒྲོས་བཅས་ལ་གཞི་བཅོལ་ནས། ས་སྐྱ་མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་རང་ལོ་སོ་གཅིག་པ་རབ་བྱུང་བཅུ་པའི་ཆུ་ཕོ་སྟག་གི་ལོ་(ཕྱི་ལོ་༡༦༠༢)ལ་ཐུབ་བསྟན་ཡངས་པ་ཅན་གྱི་ཆོས་གྲྭ་ཆེན་མོར་མཛད་པའོ། ། |
{{#arraymap:སྡོམ་གསུམ་ཁ་སྐོང་གི་རྣམ་བཤད་རྒྱན་གྱི་མེ་ཏོག་
|; |@@@ | | }}