99141
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མཚན་རྒྱས་པ། སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་བསྟན་བཅོས། འདི་ནི་རབ་བྱུང་བཞི་པའི་ཆུ་ཕོ་འབྲུག་(ཕྱི་ལོ་༡༢༣༢)ཆོས་རྗེ་སྐྱ་པཎ་ཆེན་དགོང་ལོ་ལྔ་བཅུ་ང་གཅིག་སྟེང་བརྩམས་ཤིང་། བརྗོད་བྱ། སོར་སྡོམ་དང་། བྱང་སྡོམ། སྔགས་སྡོམ་བཅས་ཀྱི་ཉམས་ལེན་གྱི་གནད་འཁྲུལ་བ་རྣམས་བཀག་ནས། སྡོམ་པ་གསུམ་གྱི་ལག་ལེན་ཇི་ལྟར་ཉམས་སུ་ལེན་པའི་རིམ་པ་མ་ནོར་བར་སྟོན་པའི་གཞུང་ལུགས་ཤིག་ཡིན། འདི་ལ་སྡོམ་གསུམ་རང་མཆན་དང་། སྤོང་ཁང་པ། དགའ་གདོང་པ། གོ་རམས་པ། ཤཱཀྱ་མཆོག་ལྡན་སོགས་ཀྱིས་མཛད་པའི་རྣམ་བཤད་དང་། སྤྱི་དོན། དཀའ་འགྲེལ་སོགས་འགྲེལ་བ་གྲགས་ཆེན་མང་དུ་བཞུགས། |
{{#arraymap:སྡོམ་གསུམ་རབ་དབྱེ་
|; |@@@ | | }}