99143
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྡོམ་གསུམ། ས་སྐྱ། འཁོར་དང་ཟང་ཟིང་བསྒྲུབ་པའི་ཕྱིར། །བདག་གིས་སེམས་ཅན་བསྡུས་པ་མིན། །འོན་ཀྱང་སངས་རྒྱས་བསྟན་པ་ལ། །ཕན་པར་བསམས་ནས་བཤད་པ་ཡིན། །སངས་རྒྱས་བསྟན་པ་བཞིན་བསྒྲུབ་ན། །སངས་རྒྱས་བསྟན་ལ་ཕན་པར་བསམས། །ཞེས་དང་། རྒྱལ་བ་ཀུན་གྱི་དགོངས་པ་འདི་ཡིན་ཞེས། །འགྲོ་ལ་ཕན་པའི་བསམ་པས་བདག་གིས་བཤད། །ཅེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་སོ། ། སངས་རྒྱས་ཀྱི་བསྟན་པ་ལ་ཕན་པར་བསམས་ནས། ཆོས་ལོག་སྤྱོད་པ་བཀག་ནས་བསྟན་པ་རྣམ་དག་བཤད་པ་ཡིན་ཏེ། འཁོར་དང་ཟང་ཟིང་བསྒྲུབ་པའི་ཆེད་དུ་སེམས་ཅན་བསྡུས་པ་མ་ཡིན་ཞིང། སངས་རྒྱས་ཀྱི་བསྟན་པ་ཇི་ལྟ་བ་བཞིན་བསྒྲུབས་ན། སངས་རྒྱས་ཀྱི་བསྟན་པ་ལ་ཕན་པར་བསམས་པའི་ཕྱིར་རོ་ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:སྡོམ་གསུམ་རབ་དབྱེ་བརྩམས་པའི་ཀུན་སློང་
|; |@@@ | | }}