99146
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྡོམ་གསུམ། ས་སྐྱ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཞེས་པ་སྟེ་བླ་མ་དམ་པའི་དོན་ནི། བླ་མ་དམ་པ་འགྱུར་པ་ལ་རྟེན་གྱི་གང་ཟག་དེ་ལ་དབང་བསྐུར་བའི་སྒོ་ནས་གསང་སྔགས་ཀྱི་སྡོམ་ལྡན་དུ་བྱས་ཏེ། གང་ཟག་དེས་རྩེ་གཅིག་ཏུ་གསོལ་བ་བཏབ་ན། ཚེ་འདི་འམ་བར་དོ་སོགས་ལ་སངས་རྒྱས་སྦྱིན་ནུས་པ་ཞིག་དགོས་པའི་ཕྱིར་རོ། །གཞན་དང་མཚུངས་པ་མེད་པའི་བླ་མ་རྗེ་བཙུན་གྲགས་པ་རྒྱལ་མཚན་དེ་ལ་རྩོམ་པ་པོ་བདག་ཉིད་དང་བའི་དད་པ་རྙོག་པ་མེད་པས་འདུད་ཅེས་པ་སྟེ། འདི་ལྟ་བུའི་བླང་དོར་གྱི་མིག་ཕྱེད་པ་ནི་བླ་མ་དེ་ཉིད་ཀྱི་བཀའ་དྲིན་ཡིན་པས་སོ་སྙམ་དུ་དགོངས་སོ། །སྒྲིབ་གཉིས་བག་ཆགས་དང་བཅས་པའི་སྐྱོན་མེད་པ་ནི་སྤངས་བ་ཕུན་ཚོགས་ཡིན་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་ཀུན་གྱི་མཛོད་མངའ་བ་ནི་རྟོགས་པ་ཕུན་ཚོགས་ཡིན་ཞིང་། དངོས་སམ་བརྒྱུད་པའི་སྒོ་ནས་གདུལ་བྱ་རྣམས་སྐལ་བ་ཇི་ལྟ་བ་བཞིན་དུ་སྡོམ་པ་གསུམ་གྱི་ཉམས་ལེན་ལ་འགོད་པར་མཛད་པས་འགྲོོ་བའི་བླ་མར་གྱུར་པའི་ཕྲིན་ལས་ཕུན་སུམ་ཚོགས་པ་སྟེ། དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་སྟོན་པ་སངས་རྒྱས་ཀྱི་ཞབས་ལ་ཕྱག་འཚལ་ལོ་ཞེས་ཀུན་མཁྱེན་གོ་རམས་པའི་སྡོ་གསུམ་གསུང་རབ་དགོངས་གསལ་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:སྡོམ་གསུམ་རབ་དབྱེའི་མཆོད་ཡུལ་
|; |@@@ | | }}