99162

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡོམ་པ་གཏོང་བའི་དུས་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བོན། ལུས་རྟེན་གཅིག་ལ་ཕོ་མོ་གཉིས་ཀའི་དབང་པོ་དོད་པའི་དུས་དང་། སྲོག་གཅོད་ལ་སོགས་རྩ་བའི་ཁྲིམས་ལ་ལྟུང་བ་ཆེན་པོའམ་ཕམ་པ་ཕོག་པའི་དུས་དང་། སྔར་མཁན་སློབ་སོགས་ཀྱི་དྲུང་ནས་སྡོམ་པ་བླང་བ་དེ་ཡང་། རྗེས་སུ་འགྲིག་མི་འདུག་བསམ་པའི་ཀུན་སློང་ལོག་པར་སྐྱེས་པའི་དུས་དང་། ལུས་སེམས་སོ་སོ་ནས་ཁ་བྲལ་བའམ་དུས་ཀྱི་ཚེ་འཕོས་པ་ལ་སོགས་པའི་དུས་ནི། སོ་སོ་ཐར་བའི་སྡོམ་པ་གཏོང་བའི་དུས་ཡིན་ཏེ། འདུལ་བ་ཀུན་འབྱུང་ལྟར། མཚན་གཉིས་དང་། མཚན་འདས་དང་། རྩ་བ་ཆད་དང་། ལོག་པའི་སེམས་དང་། བསླབ་པ་ཕུལ་དང་། འཆི་འཕོ་དུས་སུ་གཏོང་ངོ་། །ཞེས་གསུངས་པ་དང་། འདུལ་བ་མདོར་བསྡུས་ཀྱི་འགྲེལ་ལས། བྱེ་བྲག་ཏུ་བསྙེན་གནས་གནས་སྐབས་སུ་གཏོང་བའི་དུས་ནི། དུས་ཆེན་གྱི་ཞག་ཡུན་རྫོགས་པ་མཚན་མོ་འདས་ཤིང་ནམ་ལངས་པ་ན་གཏོང་བའོ། །ཞེས་གསུངས་སོ། །
Domain ཆོས་ལུགས།