99172
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ས་སྐྱ། སྡོམ་གསུམ། སྔགས་སྡོམ་བྱང་སེམས་སྡོམ་པ་ཡི། །བྱེ་བྲག་ཡིན་ཞིང་དེ་ཉིད་ཀྱང། །གཞན་ལ་ཕན་པ་བསྒྲུབ་པ་ལ། །གཞན་ལ་གནོད་པ་སྤོང་བ་ཡིས། །ཁྱབ་ཕྱིར་སོ་སོར་ཐར་པ་ཡི། །དོན་ཚང་གཉིས་པོ་གང་དུ་འདུས། །ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་ཁ་སྐོང་ལེགས་བཤད་འོད་ཀྱི་སྣང་བ་ལས་སོ། ། སྔགས་སྡོམ་དང་བྱང་སེམས་ཀྱི་སྡོམ་པ་གཉིས་པོ་རིགས་བརྒྱད་གང་དུ་འདུས་པ་སྨྲ་དགོས་ཏེ། དེ་གཉིས་སོར་སྡོམ་ཡིན་པའི་ཕྱིར་ཏེ། སྔགས་སྡོམ་ལ་བྱང་སྡོམ་གྱིས་ཁྱབ། བྱང་སྡོམ་ལ་སོར་སྡོམ་གྱིས་ཁྱབ་པ་ནི་མདོ་རྒྱུད་ཀུན་གྱི་དགོངས་པ་ཕུལ་དུ་ཕྱིན་པ་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱི་གྲུབ་མཐའ་རྨ་མེད་པ་ཡིན་ནོ་ཞེས་པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་ཁ་སྐོང་གི་རྣམ་བཤད་རྒྱན་གྱི་མེ་ཏོག་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:སྡོམ་པ་གསུམ་ལ་ཁྱབ་པའི་སོ་ཐར་
|; |@@@ | | }}