99178

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡོམ་པ་ཐུབ་པའི་ཡོན་ཏན་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བོན། སྔར་གང་བླངས་པའི་སྡོམ་པ་མ་ཉམས་པ་ཚུལ་བཞིན་ཏུ་བསྲུང་བས། ཚེ་འདི་དང་ཕྱི་མ་གཉིས་ཀའི་དོན་ཐམས་ཅད་འགྲུབ་པའི་ཀུན་སློང་གི་ཁྱད་པར་ཡང་། རང་རྒྱུད་དུལ་ཞིང་བསམ་པ་བཟང་པོ་དང་ལྡན་པ་ཡིན་ཏེ། འདུལ་བ་ཀུན་འབྱུང་ལྟར། སྒྲིབ་པ་དུས་གསུམ་བྱང་དག་བདེ། །ལས་རྣམས་འདི་ཕྱི་གཉིས་སུ་འགྲུབ། །བརྩོན་འགྲུས་ཆེ་ཞིང་བསམ་གཏན་འཕེལ། །བཟོད་པའི་སྟོབས་ཀྱིས་ཤེས་རིག་གསལ། །ཞེས་གསུངས་པ་ལྟར། སྡོམ་པ་གཅེས་ཞིང་མ་ཉམས་པ་བསྲུང་བའི་ཕན་ཡོན་ནི་རང་གི་ཚེ་རབས་ཐོག་མ་ནས་བཟུང་སྟེ་ལུས་ངག་ཡིད་ཀྱིས་བསགས་པའི་དུས་གསུམ་གྱི་སྒྲིབ་པ་བྱང་ཞིང་དག་སྟེ། མཐར་ཐུག་བདེ་བའི་གོ་འཕང་ཐོབ་པའི་ཆེད་དུ། ཚེ་འདི་དང་ཕྱི་མའི་ལས་ཐམས་ཅད་འགྲུབ་པ་ལ་བར་ཆད་མི་འབྱུང་བ་དང་། ཚེ་འདིར་བསོད་ནམས་ཆེ་བ་དང་། ནད་ཉུང་བ་དང་། ཚེ་རིང་བ་དང་། སྡོམ་པའི་རྟེན་ཁྱད་པར་ཅན་དལ་འབྱོར་གྱི་ལུས་རྟེན་འདིར་གསོ་བ་བྱེད་པའི་ཟས་ནོར་ལ་སོགས་ཕུན་སུམ་ཚོགས་ཞིང་། ཕྱི་མར་ལྷ་དང་མིའི་ལུས་ཁྱད་པར་ཅན་ཐོབ་ཅིང་ཐར་པའི་ཡོན་ཏན་རྣམས་རིམ་པས་ཐོབ་ནས། བླ་མེད་འབྲས་བུ་མྱུར་དུ་ཐོབ་པར་འགྱུར་རོ། ། གཞན་ཡང་ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་བའི་ཐབས་ལ་བརྩོན་འགྲུས་ཆེ་ཞིང་བསམ་པ་ལ་འགྱུར་ལྡོག་མེད་ཅིང་ཡོན་ཏན་གོང་དུ་འཕེལ་བ་དང་། གཞན་གྱི་གནོད་པ་ལ་ཅི་མི་སྙམ་པའི་བཟོད་པ་བསྒོམ་ཞིང་བྱུང་ཚོར་མེད་པའི་དོན་དང་ལྡན་པའོ། །
Domain ཆོས་ལུགས།

{{#arraymap:སྡོམ་པ་ཐུབ་པའི་ཡོན་ཏན་

|; |@@@ | | }}