99181

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡོམ་པ་དང་སྡོམ་མིན་གྱི་རྟེན་ (1)
Part of speech མིང་ཚིག
Definition མདོ། མངོན་པ། མི་མ་ཡིན་པ་ངན་སོང་གསུམ་གྱི་གང་ཟག་དང། མི་ཡིན་ཀྱང་བྱང་སྒྲ་མི་སྙན་པ་དང། གླིང་གཞན་གསུམ་གང་རུང་གི་མི་ཡིན་ཡང་། དང་པོ་ནས་མཚན་གང་ཡང་མེད་པའི་ཟ་མ་དང། ཡོད་ཀྱང་དགའ་བའི་དོན་བྱེད་མི་ནུས་པའི་མ་ནིང་སོགས་ལ་སྡོམ་པ་དང་སྡོམ་མིན་གང་ཡང་ཡེ་མི་སྐྱེ་ཞིང། དེ་དག་དང་གཏན་དུ་མི་ལྡན་པར་ངེས་སོ། །གླིང་གསུམ་གྱི་མི་སྐྱེས་པ་དང་། བུད་མེད་རྣམས་ལ་སྡོམ་མིན་དང་སྡོམ་པ་གཉིས་ཀ་སྐྱེ་བ་དང་གནས་པའི་རྟེན་དུ་རུང་། ཁྱད་པར་གླིང་གསུམ་གྱི་མི་ནི་སོར་སྡོམ་སོགས་སྡོམ་པ་གསུམ་ཀའི་རྟེན་དུ་རུང་སྟེ། ཡང་དག་པར་བླངས་པའི་ངེས་འབྱུང་གི་སྡོམ་པ་སྐྱེ་བས་སོར་སྡོམ་གྱི་རྟེན་དང་། བསམ་གཏན་གྱི་ཉེར་བསྡོགས་དང་དངོས་གཞི་སྐྱེ་བས་བསམ་གཏན་གྱི་སྡོམ་པའི་རྟེན་དང་། ཟག་མེད་ཀྱི་ལམ་སྐྱེ་བས་ཟག་མེད་ཀྱི་སྡོམ་པ་སྐྱེ་བ་དང་གནས་པའི་རྟེན་དུ་རུང་བའི་ཕྱིར་རོ། །ལྷ་ལ་སྡོམ་པ་ཡོད་པའི་རྒྱུ་མཚན་ནི། འདོད་པའི་ལྷ་དང་གཟུགས་ཁམས་སུ་སྐྱེས་པའི་ལྷ་རྣམས་ལ་བསམ་གཏན་གྱི་སྡོམ་པ་ཡོད་དེ། དེ་ཡང་གཟུགས་ཁམས་ཀྱི་ལྷ་ཕལ་ཆེར་ལ་འཆི་འཕོ་བའི་སྐབས་མ་གཏོགས་བསམ་གཏན་གྱི་སྡོམ་པ་ཡོད་ངེས་པ་དང་། འདོད་ལྷ་རྣམས་ནི་བསམ་གཏན་གྱི་སྡོམ་པ་སྐྱེ་བ་དང་གནས་པ་གཉིས་ཀའི་རྟེན་དུ་རུང་བས་བསམ་གཏན་གྱི་སྡོམ་པ་ཡོད་དུ་རུང་བ་ཡིན་གྱི། ཡོད་པར་མ་ངེས། གཟུགས་མེད་ན་བསམ་གཏན་གྱི་སྡོམ་པ་མེད་དེ། གཟུགས་མེད་ཀྱི་རྟེན་ལ་བསམ་གཏན་ས་དྲུག་གང་རུང་དང་མི་ལྡན་པའི་ཕྱིར། ཟག་མེད་ཀྱི་སྡོམ་པ་ནི་བསམ་གཏན་དང་པོའི་ཚངས་ཆེན་དང་། བསམ་གཏན་བཞི་པའི་ལྷ་འདུ་ཤེས་མེད་པའི་སེམས་ཅན་མ་གཏོགས་འདོད་གཟུགས་ཀྱི་ལྷ་རྣམས་ལ་ཡོད་དུ་རུང་ཞིང་། གཟུགས་མེད་ན་ཡང་དེའི་རྟེན་ཅན་གྱི་འཕགས་པ་རྣམས་ལ་ལྡན་པའི་སྒོ་ནས་ཡོད་དེ། གཟུགས་མེད་ཀྱི་རྟེན་ཅན་གྱི་འཕགས་པའི་རྒྱུད་ལ་ཟག་མེད་ཀྱི་སྡོམ་པའི་ཐོབ་པ་ཡོད་པའི་ཕྱིར་རོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། །
Domain ཆོས་ལུགས།

{{#arraymap:སྡོམ་པ་དང་སྡོམ་མིན་གྱི་རྟེན་

|; |@@@ | | }}