99183

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡོམ་པ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཞེ་གསུམ་པ་ལས་བྱུང་བ་སྟེ། ༡ འདི་ལྟར་སངས་རྒྱས་ཀྱི་ཐམས་ཅད་ལ་མི་འཁྲུག་མི་འཁྲུལ་བའི་སྡོམ་པ། ༢ སངས་རྒྱས་ཐམས་ཅད་ལ་བསམ་པའི་སྡོམ་པ། ༣ བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བསམ་པ་རླབས་པོ་ཆེའི་སྡོམ་པ། ༤ དགེ་བའི་བཤེས་གཉེན་ཐམས་ཅད་ལ་བསམ་པ་མི་འདོར་བའི་སྡོམ་པ། ༥ ཉན་ཐོས་དང༌། རང་སངས་རྒྱས་ཡིད་ལ་བྱ་བ་ཐམས་ཅད་ལ་ཡོངས་སུ་མི་རྒྱུ་བའི་སྡོམ་པ། ༦ བྱང་ཆུབ་སེམས་དཔའ་ཆུད་ཟ་བའི་ལམ་ཐམས་ཅད་རྣམ་པར་བཟློག་པའི་སྡོམ་པ། ༧ སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པའི་སྡོམ་པ། ༨ དགེ་བའི་རྩ་བ་བརྩམ་པ་ཐམས་ཅད་མཐར་ཕྱིན་པར་བྱ་བའི་སྡོམ་པ། ༩ བདུད་ཐམས་ཅད་རབ་ཏུ་ཕམ་པར་བྱ་བའི་སྡོམ་པ། ༡༠ ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་སྡོམ་པའོ། །
Domain ཆོས་ལུགས།

{{#arraymap:སྡོམ་པ་བཅུ་

|; |@@@ | | }}