99185

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡོམ་པ་བསྟན་པའི་དུས་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བོན། འདུལ་བ་ཀུན་འབྱུང་ལྟར། གཞོན་པ་དུས་ཕུང་པོ་དར་དུས་བསྟན། ངོ་ཚ་ཡོད་པས་དབང་པོས་བསྒྲིམ། ཁྲེལ་ཡོད་པས་གོ་བར་ཆེ། བག་ཡོད་པས་བག་མེད་བྲལ། སེམས་ལ་འབྲིང་ཆགས་གདུང་། རིག་པ་རྒྱུན་ཆགས་ཉེར་ལེན་གནས། ཞེས་གསུངས་པ་ལྟར། ལོ་ཚད་ཆུང་བ་གཅིག་ནས་བཅུ་མན་ཆད་ལོན་པའི་ཆུང་བ་བྱིས་པའི་རིགས་དང་། ལོ་ཚད་ཆེ་བ་ལུས་ཀྱིས་གཡོ་འགུལ་ལ་སོགས་རང་གཡོག་མི་ནུས་པའི་ཆེ་བ་རྒན་པོ་རྣམས་ཀྱི་དུས་སུ་ངོ་ཚ་ལ་སོགས་འཛེམ་མི་ཤེས་པས་སྡོམ་པ་བསྟན་པའི་དུས་མ་ཡིན་པ་དང་། ན་ཚོད་དར་ལ་དབབ་པའི་སྐྱེས་པ་བུ་དང་། འཁྲིག་ཅིང་ཆགས་པ་སྤྱོད་པར་ནུས་པའི་ཟ་མ་མོ་ཡི་རིགས་ནི་གཞན་གྱིས་འཕྱ་སྨོད་བྱེད་པའི་ལས་ལ་ངོ་ཚ་དང་ཁྲེལ་ཡོད་པས་འཛེམ་དོགས་ཀྱི་གནས་ལ་གོ་བར་ཆེ་ཞིང་། ལུས་ངག་གི་སྤྱོད་པ་ཡང་བག་དང་ལྡན་པས་བག་མེད་ཀྱི་སྤྱོད་པ་ངན་པའི་རིགས་དོར་བ་དང་། སེམས་ལ་ཡང་ཡུལ་དེ་རུ་འཁྲིག་ཅིང་ཆགས་པ་སྤྱོད་པར་འདོད་པས་གདུང་བའི་ཀུན་སློང་རྒྱུན་ཆགས་སུ་གནས་ཞིང་དུས་དེར་སྡོམ་པ་བསྟན་ན་ཕན་པ་ཆེ་བའོ། །
Domain ཆོས་ལུགས།

{{#arraymap:སྡོམ་པ་བསྟན་པའི་དུས་

|; |@@@ | | }}