99189

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡོམ་པ་མི་ཉམས་པར་སྲུང་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ཐོབ་ཟིན་པའི་དགེ་ཚུལ་སློང་གི་སྡོམ་པའི་མི་མཐུན་པའི་ཕྱོགས་སྡོམ་ནས་སྲུང་བར་བྱེད་པ་ལ་ཟེར། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། ཐོབ་པ་མི་ཉམས་པར་བསྲུང་བའི་ཚུལ་ཇི་ལྟར་ཡིན་ཞེ་ན། བཤད་དུ་ཡོད་དེ། ཕྱིའི་རྐྱེན་དགེ་བའི་བཤེས་གཉེན་ལ་བརྟེན་ནས་བསྲུང་བ། ནང་གི་རྐྱེན་བསམ་པ་ཕུན་ཚོགས་ལ་བརྟེན་ནས་བསྲུང་བ། མི་མཐུན་ཕྱོགས་ངོ་ཤེས་པའི་སྒོ་ནས་བསྲུང་བ། བསླབ་པ་ཡོངས་སུ་སྦྱོང་བའི་སྒོ་ནས་བསྲུང་བ་དང་། བདེ་བར་གནས་པའི་རྐྱེན་བསྟེན་པའི་སྒོ་ནས་བསྲུང་བ་རྣམས་སུ་ཡོད་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:སྡོམ་པ་མི་ཉམས་པར་སྲུང་བ་

|; |@@@ | | }}