99192
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། བོན། འདུལ་བ་ཀུན་འབྱུང་ལྟར། མཚན་ཉམས་སྔ་དྲོར་གསོ། ཉིན་འཆལ་དགོང་མོར་གསོ། རྩ་བ་ཉམས་འཆལ་ཞག་མི་གཞུག ཞག་རེ་ལ་སྟོང་འགྱུར་ཏེ། ད་ལྟ་བཤགས་གསོ། ཡན་ལག་ཉམས་འཆལ་ཟླ་བར་མི་བཞག ཟླ་བ་རེ་ལ་སྟོང་འགྱུར་རེ། ཞག་རེ་དང་ཟ་མར་བསགས་གསོ། ལྷ་དཔོན་གསས་བདག་གཞན་གཞི་ལ། ཉམས་འཆལ་ཆེ་ཆུང་སྦྱར་ལ་བཤགས་གསོ། ས་ཚ་ཆབ་གཏོར་འབུམ་གྱིས་བཤགས་གསོ། གསོ་བ་བརྒྱ་མཁན་པོ་ལ་ལག་ལེན་བྱ་དགོས་སོ། །ཞེས་གསུངས་པ་ལྟར། རང་རྒྱུད་ཀྱི་སྡོམ་པའམ་བསྲུང་བའི་ཁྲིམས་ལ་མཚན་མོའི་དུས་སུ་བར་ཆད་བྱུང་ན་སྔ་དྲོ་སྟེ་ཉི་ཤར་དུས་སུ་གང་ཉམས་པ་ཐམས་ཅད་གསོ། །དེ་བཞིན་ཉིན་མོའི་སྐབས་སུ་ཚུལ་ཁྲིམས་ཉམས་པའམ་འཆལ་བ་བྱུང་ན་དགོང་མོ་སྟེ། ས་རུབ་པའི་དུས་སུ་ཕྱག་དང་བསྐོར་བ་སྙིང་པོ་བསྒྲང་པ་སོགས་ཉམས་པ་གསོ་བའི་ཐབས་ལ་འབད་པ་དང་། སྲོག་གཅོད་ལ་སོགས་རྩ་བའི་ཁྲིམས་ལ་ཉེས་དམིགས་བྱུང་ན་ཞག་བཞུགས་ཏུ་མི་རུང་ཞིང་ཞག་རེ་ལ་སྡིག་པ་སྟོང་འགྱུར་དུ་འགྲོ་བས་མྱུར་དུ་གསོ་བའི་ཐབས་བཤགས་པ་བྱ་དགོས་སོ། །རྩ་བ་ལས་གཞན་པའི་ཡན་ལག་གི་ཁྲིམས་ཉམས་པ་བྱུང་ན་ཟླ་བ་ལ་མི་བཞག་སྟེ་ཟླ་བ་རེ་ལ་སྡིག་པ་སྟོང་འགྱུར་དུ་འགྲོ་བས་ཞག་རེ་ཉམས་པ་ཡང་ཞག་རེ་ལ་གསོ་ཞིང་། ལྷ་དང་དཔོན་གསས་བླ་མའི་དྲུང་དུ་རང་གི་སྡོམ་པ་ལ་ཉམས་འཆལ་ཆེ་ཆུང་ངམ་རྩ་བ་དང་ཡན་ལག་གི་ཁྲིམས་ཉམས་པ་སོ་སོ་ནས་སྦྱར་ལ་བཤགས་པར་བྱ་བ་དང་། གཞན་ཡང་ས་ཚ་གདབ་པ་དང་ཆུ་གཏོར་བཏང་བ་སོགས་ལག་ལེན་མ་ནོར་བར་བྱ་དགོས་པར་བསྟན་པའོ། ། |
| Domain | ཆོས་ལུགས། |