99194
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། བོན། སྔར་རང་གིས་མཁན་པོ་དང་སློབ་དཔོན་སོགས་ཀྱི་མདུན་ནས་གང་ཞུས་པའི་སྡོམ་པ་རྣམས་རྗེས་སུ་མ་ཉམས་པ་དྲན་པའི་དོན་ཏེ། འདུལ་བ་ཀུན་འབྱུང་ལྟར། དུས་རྒྱུན་དུ་སྡོམ་པ་དྲན་པ་དང་། གནང་བཀག་བྱེ་བྲག་དུས་སུ་དྲན་པ་དང་། དཔོན་གསས་གདམས་ངག་དུས་མེད་དུ་དྲན་པ་དང་། ངོ་ཚ་ཁྲེལ་ཡོད་དྲན་པའོ། །ཞེས་གསུངས་པ་ལྟར། མཁན་སློབ་སོགས་ཀྱི་དྲུང་ནས་བླངས་བའི་སྡོམ་པ་ནི་རང་རང་གི་སྲོག་ལྟར་དུས་རྒྱུན་པར་གཅེས་ཤིང་དམའ་བ་བཟུང་སྟེ་རྩ་བཞིའི་སྡོམ་པ་མ་ཉམས་པ་བསྲུང་བ་དང་། ཡན་ལག་གི་དུས་སུ་རྣམ་མཁྱེན་གོ་འཕང་བསྒྲུབ་པའི་རྟེན་དལ་འབྱོར་གྱི་ལུས་འདི་གསོ་བ་དང་། ནད་པ་སོགས་ཀྱིས་འགྲོ་འདུག་དང་ཟས་ཀྱི་སྤྱོད་ལམ་བསྲུང་མི་ནུས་ན། ཡན་ལག་གི་ཁྲིམས་ལ་གནང་བ་ཡོད་པ་དང་། མེད་པའི་རིགས་ཏེ་བཀག་པ་སོགས་དྲན་པ་སྟེ་ཆོག་པ་དང་མི་ཆོག་པའི་སྤང་བླང་སོ་སོ་ནས་ཤེས་པར་བྱ་དགོས་སོ། ། |
Domain | ཆོས་ལུགས། |
{{#arraymap:སྡོམ་པ་རྗེས་དྲན་
|; |@@@ | | }}