99207
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། བོན། སྔར་རང་གིས་མཁན་སློབ་མདུན་ནས་ཞུས་པའི་སྡོམ་པ་དེ་ཕུང་པོའི་ནུས་སྟོབས་སོགས་ཀྱིས་ཚུལ་ཁྲིམས་བསྲུང་མི་ནུས་སྐབས་ཕྱིས་སུ་སྡོམ་པ་དེ་ཆུད་ཟོས་སུ་མི་འགྲོ་བའི་ཆེད་དུ་རབ་མཁན་པོ་དང་སློབ་དཔོན། འབྲིང་མཁན་སློབ་དེའི་རྒྱུད་འཛིན། ཐ་མ་ཁྲིམས་ལྡན་གང་རུང་ཞིག་ལ་འབུལ་དགོས་པའི་དོན་ཡིན་ཏེ། བསྟན་པའི་སྲོག་ཤིང་འདུལ་བའི་བསླབ་བྱ་ལས། དེ་ཡང་རྟེན་གསུམ་ལ་སོགས་བེམ་པོ་དང་། བརྡ་མི་འཕྲོད་པའི་མི་དང་བྱོལ་སོང་དང་། ཉམས་པ་ཅན་དང་། ཕྱི་རོལ་པ་དང་། ཉམས་རོགས་ལ་སོགས་ནི་ཡུལ་དུ་མི་རུང་ལ། བརྡ་འཕྲོད་པའི་མི་ཐ་སྙད་ལྔ་ལྡན་ལེགས་པར་བྱེད་པའོ། །དེ་ཡང་རབ་ལ་རང་གི་མཁན་སློབ་ལ་སོགས་དང་། འབྲིང་ནི་དེའི་རྒྱུད་འཛིན་ལ་སོགས་དང་། ཐ་མ་ཁྲིམས་ལྡན་གང་རུང་ངོ་། །གྲངས་ཀྱང་རབ་ནི་གཞི་དེའི་བཙུན་པ་ཀུན་དང་། འབྲིང་ནི་བཅུ་དང་བཞི་དང་ཐ་མ་གཅིག་དང་གཉིས་ལ་སོགས་སོ། །བསོད་ནམས་ཀྱང་རབ་ཀྱིས་མང་ཇ་འབུལ་བ་ལ་སོགས་དང་། འབྲིང་གིས་ཚུལ་ཆས་ལ་སོགས་དང་། ཐ་མས་ཀྱང་ཁབ་དང་སྐུད་པ་ལ་སོགས་ཕུལ་ལ། མཁྱེན་པ་གསོལ་བའི་རྟིང་ལ། བདག་གིས་སྤྱིར་རྒྱལ་བའི་བསྟན་པ་དང་སྒོས་བསྟན་པ་འདི་དང་། ལས་འབྲས་ལ་ལོག་པར་ལྟ་བ་ལ་སོགས་མ་ལགས་ཤིང། ཕུང་པོ་དང་བློ་སྟོབས་སོགས་ཀྱིས་མི་ལྕོགས་པའི་དབང་གིས། ལོ་རེ་ཟུང་རེ་ལ་སྡོམ་པ་འདི་བཅོལ་བའི་ཚུལ་གྱིས་ཡུལ་ཁྱད་པར་ཅན་རྣམས་ལ་འབུལ་ལོ། །སླད་ཆད་ཀྱང་བསླབ་པ་གནང་བར་སྨོན་ཞིང་། ཐུགས་རྗེས་བཟུང་དུ་གསོལ་ཞེས་སོགས་བྱའོ། །ཞེས་གསུངས་སོ། ། |
Domain | ཆོས་ལུགས། |
{{#arraymap:སྡོམ་པ་སྡོམ་ལེན་
|; |@@@ | | }}